གསར་འགྱུར་གནད་བསྡུས།

        2023-08-28

༄༅།། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི།ལས་འཛིན་མགོ་གཙོ་ཝུའུ་ལི་ཡན་གྱིས་རུ་ཁག་སྣེ་ཁྲིད་དེ་སྤྱི་ཟླ8པའི་ཚེས10ནས13ཉིན་བར། རང་ཁུལ་གྱི་ལྕགས་ཟམ་དང་ཉག་ཆུ། ལི་ཐང་།ཕྱག་ཕྲེང་། འདབ་པ་རྫོང་བཅས་སུ་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

༄༅།། ད་ལོ་ནས་བཟུང་། ཁུལ་སློབ་གསོ་ཨུ་ལྷན་གྱི་སློབ་གསོ་ལས་དོན་ཨུ་ལྷན་དང་ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་ནས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཏེ། ཀུན་སྤྱོད་ལ་བརྟེན་ནས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ནས་ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་ཏན་ཏིག་རྒྱག་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་བྱས་ནས་དཀར་མཛེས་ཁུལ་གྱི་སློབ་གསོ་དང་ལུས་རྩལ་ཁོངས་གཏོགས་སུ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་རེད།


  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་རྟའུ་དང་བྲག་མགོ། དཀར་མཛེས། སྡེ་དགེ་རྫོང་བཅས་སུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།