མཚོ་སྔོན་མཚོ་བྱང་ནས་གནའ་བོའི་བང་སོ་འབོར་ཆེན་རྙེད་འདུག

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-08-31

གསར་འགོད་པས་སྤྱི་ཟླ་8ཚེས་28ཉིན། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱས་པ་ལྟར་ན། ཞ་ཨར་ཡ་མཱ་ཁོ་པུའུ་གནའ་ཤུལ་གནའ་རྫས་རྟོག་ཞིབ་སྔོག་འདོན་ཐད་འཕེལ་རིམ་གསར་པ་བྱུང་བ་དང་། མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་གནའ་རྫས་རྟོག་ཞིབ་བརྟག་དཔྱད་དང་། རྩད་ཞིབ། སྔོག་འདོན་བཅས་བྱས་པ་བརྒྱུད། གནའ་ཤུལ་དེའི་བང་སོ་གསུམ་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་12ཟིན་པ་དང་། ཁྱོན་བསྡོམས་བང་སོ་3228ཡོད་པ་ཤེས་རྟོགས་བྱུང་བ་རེད། མིག་སྔར་བང་སོ་52སྔོག་འདོན་བྱས་ཡོད། གནའ་རྫས་རྟོག་ཞིབ་ཀྱི་རིགས་གཅིག་མཁས་པས་འདི་ནི་མིག་སྔར་རང་རྒྱལ་གྱི་ནུབ་བྱང་ས་ཁུལ་གྱི་ཆིན་རྒྱལ་རབས་དུས་སྐབས་ཀྱི་བང་སོ་ཆེས་མང་བའི་དུར་ས་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།  

 

མཚོ་སྔོན་མཚོ་བྱང་ནས་གནའ་བོའི་བང་སོ་འབོར་ཆེན་རྙེད་འདུག

 

ཞ་ཨར་ཡ་མཱ་ཁོ་པུའུ་གནའ་ཤུལ་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་པ་ལུང་ཤང་དུ་ཡོད་པ་དང་། དེ་ནི་གནས་སྡོད་ཁུལ་ཡོད་ལ་དུར་སའང་ཡོད་པའི་ནུའོ་མུའུ་ཧུང་རིག་གནས་མཉམ་འདུས་ཁུལ་ཆེན་པོ་ཞིག་ཡིན་པ་དང་། ལོ་རབས་ནི་སྤྱི་ལོའི་སྔོན་གྱི་1500ལོ་ནས་སྤྱི་ལོའི་སྔོན་གྱི་1000ལོ་གཡས་གཡོན་བར་ཡིན་ཞིང་། ཀྲུང་ཡོན་ས་ཁུལ་གྱི་ཧྲང་ཀྲོའུ་དུས་སྐབས་དང་མཚུངས།  སྤྱི་ལོ་2021ལོར་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ནུབ་བྱང་སློབ་ཆེན་རིག་གནས་ཤུལ་བཞག་སློབ་གླིང་དང་མཉམ་འབྲེལ་བྱས་ཏེ་ཞ་ཨར་ཡ་མཱ་ཁོ་པུའུ་གནའ་ཤུལ་དུ་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་པ་རེད།

 

མཚོ་སྔོན་མཚོ་བྱང་ནས་གནའ་བོའི་བང་སོ་འབོར་ཆེན་རྙེད་འདུག

 

མཚོ་སྔོན་ཞ་ཨར་ཡ་མཱ་ཁོ་པུའུ་གནའ་ཤུལ་གནའ་རྫས་རྟོག་ཞིབ་སྔོག་འདོན་རྣམ་གྲངས་ཀྱི་འགན་འཁུར་བ་ཏུའུ་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་སྔོག་འདོན་རྒྱ་ཁྱོན་སྨི་ངོས་གྲུ་500ཟིན་ཞིང་། རྩད་ཞིབ་དང་སྔོག་འདོན་ཟུང་འབྲེལ་གྱིས་གནའ་ཤུལ་གྱི་སྤྱིའི་རྒྱ་ཁྱོན་དང་ནུས་པར་དབྱེ་འབྱེད་གཏན་འཁེལ་བྱས་པ་དང་། གནས་ཡུལ་གྱི་སྤྱིའི་རྒྱ་ཁྱོན་ནི་སྨི་ངོས་གྲུ་ཁྲི་7ཡས་མས་ཡིན་ལ། རྡོ་བརྩིགས་དང་།  སྡོད་ཁང་འཛུགས་སྐྲུན་གྱི་རྩིག་རྨང་།  ཟངས་སོགས་ཤུལ་བཞག་གལ་ཆེན་རྙེད་ཅིང་། མིག་སྔར་རྫ་ཆས་དང་། ཟངས་ཆས། རྡོ་ཆས། རུས་ཆས། ཤིང་ཆས། རིག་དངོས། མིའི་རུས་པ། སྲོག་ཆགས་དང་རྩི་ཤིང་གི་དངོས་ཤུལ་འབོར་ཆེན་ཡོད་པ་དག་གིས་ནུའོ་མུའུ་ཧུང་རིག་གནས་ཞིབ་འཇུག་ལ་དངོས་རྫས་ཀྱི་རྒྱུ་ཆ་འབོར་ཆེན་མཁོ་སྤྲོད་བྱས་ཡོད།

  • ལེ་ཚན་སྔོན་མ།:ཀྲུང་གོའི་ས་བཀྲའི་ཐད་བླང་བྱ་འདི་དག་བཏོན་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།