མི་ཉག་ལུང་པའི་ཞིང་པའི་མཚན་མོ་སློབ་གྲྭ།

དཔལ་འབྱོར་ཕུན་ཚོགས།        2019-01-25

  

མི་ཉག་ལུང་པའི་ཞིང་པའི་མཚན་མོ་སློབ་གྲྭ།

   ང་རང་རླངས་འཁོར་ནང་བསྡད་ནས་ཕ་ཡུལ་དུ་ལོ་སར་གཏོང་བར་འགྲོ་དུས་མུན་རུབ་ཚར་སོང་། ངས་ཁྱིམ་སྒོ་ཕྱེས་ནས་ནང་དུ་འཛུལ་མ་ཐག་ང་ཚོའི་ནང་མི་ཚང་མས་དཔེ་དེབ་རེ་ལག་ལ་བཟུང་ནས་ལ་ལས་དཔེ་ཀློག་ལ་བྲེལ་བ་དང་། ལ་ལས་ཡི་གེ་འབྲི་བཞིན་ཡོད་པ་མཐོང་བས། ངས་ཡུད་ཙམ་ཞིག་ལ་ཧ་ལས་པའི་སེམས་ཚོར་དྲག་པོ་ཞིག་གིས་ཧད་དེ་བསྡད་དགོས་བྱུང་།

ཨ་མས་དཔེ་ཆའི་སྟེང་གི་ཀ་ཁའི་ཡིག་འབྲུ་རེ་རེར་མཛུབ་མོས་བརྐོས་པ་བཞིན་བསྐྱར་ཀློག་བྱེད་བཞིན་ཡོད་པ་དང་། ཁོ་མོས་ང་ཐོན་པ་མཐོང་ནས་ང་ད་གཟོད་ཀ་ཁ་ནས་འགོ་བཟུང་སྟེ་སྦྱོང་གི་ཡོད། ཁྱོད་ཨ་ཅེས་ལོ་རིམ་གསུམ་པའི་སློབ་ཚན་དག་སྦྱོང་གི་ཡོད་རེད་ཅེས་ཁྱིམ་མི་ཚོའི་སློབ་སྦྱོང་གནས་ཚུལ་རེ་རེ་བཞིན་ང་ལ་བཤད་བྱུང་།

    ངས་མྱུར་མར་པར་ཆས་ཁྱེར་ཏེ་ཁྱིམ་མཚེས་ཀྱི་དུད་ཚང་སོ་སོར་སོང་ནས་བཅར་འདྲི་བྱས་པ་ཡིན། ཚང་མར་ལྷིང་འཇགས་ཀྱི་ཁོར་ཡུག་ལས་དྲོ་སྐྱིད་ལྡན་པའི་གློག་སྒྲོན་འོག་ནས་རྒན་པ་ཚོས་ཁ་ཏོན་དང་མ་ཎི་ལག་འཁོར་བསྐོར་བ་དང་། ན་གཞོན་དང་བྱིས་པ་ཚང་མས་སློབ་སྦྱོང་བྱེད་བཞིན་པའི་སྒང་རེད།

   ཉེ་བའི་ལོ་ཤས་རིང་མི་ཉག་གི་དམངས་ཁྲོད་སྐོར་བྲོ་དང་མི་ཉག་གི་འཐག་ལས་ལག་རྩལ་སོགས་ཉམས་པ་སླར་གསོ་བྱུང་སྟེ་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་བཞིན་པ་དང་། གྲོང་མི་ཚོས་ཀྱང་ཤེས་བྱ་རིག་གནས་ཀྱི་གལ་ཆེའི་རང་བཞིན་ཤེས་རྟོགས་བྱུང་ནས་ཞིང་པའི་མཚན་མོ་སློབ་གྲྭར་ཞུགས་ཏེ་སློབ་སྦྱོང་ལ་འབད་བརྩོན་བྱེད་མཁན་ཇེ་མང་ནས་ཇེ་མང་རེད།

ད་ལྟ་དེ་ལྟ་བུའི་ཞིང་པའི་མཚན་མོ་སློབ་གྲྭ་རྒྱུ་ལའི་ནུབ་རྒྱུད་ཀྱི་མི་ཉག་ལུང་པར30ལྷག་བཙུགས་ཡོད་པ་རེད།།


མི་ཉག་ལུང་པའི་ཞིང་པའི་མཚན་མོ་སློབ་གྲྭ།

མི་ཉག་ལུང་པའི་ཞིང་པའི་མཚན་མོ་སློབ་གྲྭ།

མི་ཉག་ལུང་པའི་ཞིང་པའི་མཚན་མོ་སློབ་གྲྭ།

མི་ཉག་ལུང་པའི་ཞིང་པའི་མཚན་མོ་སློབ་གྲྭ།

མི་ཉག་ལུང་པའི་ཞིང་པའི་མཚན་མོ་སློབ་གྲྭ།

  • ལེ་ཚན་སྔོན་མ།:བོད་ཀྱི་རྟ་ཆས་རིག་གནས།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས22འགྲེམ་སྟོན་བྱས།