མཚོ་གཉིས་ཇ་མཛོད་རྗེས་ཤུལ་ལ་མིང་རྒྱལ་རབས་ནས་ད་ལྟའི་བར་གྱི་ལོ་རྒྱུས་ལྡན།

        2023-09-01

གཅིག

དགེ་རྒན་ཏེང་མིང་ཆོན་གྱིས་ཕེབས་རོགས་འོག་གསར་འགོད་པ་ལྕགས་ཟམ་རྫོང་གྲོང་དང་བར་ཐག་སྤྱི་ལེ4ཙམ་ཡོད་པའི་མཚོ་གཉིས་ཇ་མཛོད་རྗེས་ཤུལ་དུ་སླེབས།

ཇ་མཛོད་རྗེས་ཤུལ་ཡོད་པའི་གནས་ཚུལ་ནི་གསར་འགོད་པས་དགེ་རྒན་ཏུང་ཙུའུ་ཞིན་གྱི་དྲུང་ནས་ཐོག་མར་གོ་ཐོས་བྱུང་།

ད་སྔར་དགེ་རྒན་ཏུང་ཙུའུ་ཞིན་ཇ་མཛོད་རྗེས་ཤུལ་དུ་ཐོན་མྱོང་། རྗེས་ཤུལ་ལ་དེ་བས་རྒྱུས་ལོན་བྱ་ཆེད།2015ལོའི་སྤྱི་ཟླ6པའི་ཚེས19ཉིན་ཁོང་དང་ལྕགས་ཟམ་རྫོང་གི་རིག་གནས་ཆེད་མཁས་པ་དང་། དེ་བཞིན་རྫོང་རིག་དངོས་ཅུས་ཀྱི་འབྲེལ་ཡོད་མི་སྣ་ཁ་ཤས་ཀྱིས་པར་ཆས་དང་ཀོ་ཁྲེ་སོགས་འཁྱེར་ནས་ཡུལ་དངོས་སུ་རྟོག་ཞིབ་ལ་ཕེབས། རྟོག་ཞིབ་བྱས་པ་དང་ས་གནས་དེ་གའི་ལོ90ལྷག་ལ་ལོན་པའི་ཡུལ་མི་ཚོར་བཅར་འདྲི་བྱས་པ་བརྒྱུད། རྗེས་ཤུལ་དེ་ནི་ཇ་མཛོད་རྗེས་ཤུལ་ཡིན་པར་མ་ཟད་ཇ་འདྲེན་གདལ་ལམ་ཡོད་པའི་དཔང་རྟགས་ནུས་ལྡན་ཞིག་ཡིན་པ་རྟོགས།

ཉིན་དེར།དགེ་རྒན་ཏུང་ཙུའུ་ཞིན་གྱིས་རྗེས་ཤུལ་དེའི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ800ལྷག་ལ་ཟིན་འདུག། དེའི་ཐོག་ནས་བསམ་བློ་བཏང་ན། སྐབས་དེ་དུས་སུ་འདི་འདྲའི་ཇ་མཛོད་ཆེན་པོ་བསྐྲུན་པ་ནི་ཇ་འདྲེན་གདལ་ལམ་ཐོག་གི་བར་བརྒྱུད་ས་ཚུགས་ཤིག་ཡིན་ངེས་རེད་ཅེས་བཤད།

ཇ་མཛོད་རྗེས་ཤུལ་ཡོད་སའི་ས་མིང་ལ་མཚོ་གཉིས་ཟེར་ཞིང་།རྒྱལ་མོ་རྔུལ་ཆུའི་ནུབ་འགྲམ་དུ་ཆགས་ཡོད། དགེ་རྒན་ཏུང་ཙུའུ་ཞིན་གྱིས་གྲོང་སྡེའི་རྒྱབ་ཀྱི་རི་ཁུལ་བརྒྱུད་ནས་རང་འཐག་ལུང་དང་།ནགས་རི་ཐོག།ལ་ཐོག་གདན།ཚྭ་ཁྲོན་བཅས་བརྒྱུད་དེ་གཉའ་རྒྱབ་སྒང་ནས་དར་མདོར་སླེབས། ལམ་འདིའི་ཐོག་ཏུ་དུས་རྒྱུན་འགྲོ་མཁན་ཉུང་ཡང་། ཇ་འདྲེན་གདལ་ལམ་གྱི་ལོ་རབས་སུ་གཉའ་རྒྱབ་སྒང་གནའ་ལམ་གྱི་མཚོ་གྲུའི་རྡོ་མན་ཆད་ལ་རི་ཉིལ་ལམ་ཆད་བྱུང་དུས་ལམ་བུ་དེར་བསྐྱོད་དགོས་ཀྱི་ཡོད། ཁུར་པ་ཚོས་ཇ་མཛོད་དུ་ཉར་བའི་ཇ་ཁུར་ནས་ལམ་དེ་དེད་ནས་དར་རྩེ་མདོར་བསྐྱལ། འཕྲལ་སྡོམ་ལམ་བུ་བརྒྱུད་ནས་བོད་འབྲེལ་ས་ཁུལ་གྱི་མང་ཚོགས་ཚོའི་ཇའི་དགོས་མཁོ་འགན་ལེན་ཐུབ་པ་བྱ་རྒྱུ་ནི་ཇ་མཛོད་སྐྲུན་པའི་གལ་ཆེའི་རྒྱུ་རྐྱེན་ཞིག་ཡིན་ཞེས་བཤད།

ཇ་མཛོད་བསྐྲུན་པ་དེ་སྐབས་དེ་དུས་ཀྱི་ཡུལ་དཔོན་བར་གྱི་འགལ་བ་དང་ཡང་འབྲེལ་བ་ཡོད། བཅིངས་འགྲོལ་མ་བཏང་གོང་།ཇ་ལོ་ནི་བོད་འབྲེལ་ས་ཁུལ་དུ་སྐད་ཆ་ཤོད་དབང་དང་འབྲེལ་བ་དམ་ཟབ་ཡོད། སུས་ཇ་བཟུང་ན་དེར་རང་འགུལ་གྱི་དབང་ཆ་ཡོད། མཚོ་གཉིས་ཇ་མཛོད་མ་བསྐྲུན་གོང་མིང་རྒྱལ་རབས་ཀྱི་སྐབས་སུ་རྒྱལ་མོ་རྔུལ་ཆུའི་སྨད་རྒྱུད་དུ་གནས་པའི་སེན་པ་ཡུལ་དཔོན་དང་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཏཱ་པ་དབང་ཤེད་ཅན་བར་འགལ་བ་བྱུང་ཞིང་།སྐབས་དེར་སེན་པ་ཡུལ་དཔོན་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད་པས་ཕར་རྒོལ་བྱ་ཆེད་སེན་པ་ཡུལ་དཔོན་གྱིས་ཆུ་བོ་བཀག་རྒྱུའི་ཐག་བཅད། སེན་ཆེན་གྲོང་སྡེ་ནས་རྒྱལ་མོ་རྔུལ་ཆུ་བརྒལ་ནས་དབོར་འདྲེན་བྱེད་མི་ཆོག་པར་བཟོས། སེན་པ་གྲོང་སྡེའི་གྲུ་ཁ་ནི་ཇ་ལོ་བོད་འབྲེལ་ས་ཁུལ་དུ་འདྲེན་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ས་ཆ་ཞིག་ཡིན། སེན་པ་ཡུལ་དཔོན་གྱིས་རྒོལ་ལན་ནུས་ལྡན་སྤྲད་མཐར་དབང་ཤེད་ཅན་རྣམས་ཀྱིས་མགོ་བསྒུར་ནས་སེན་པ་ཡུལ་དཔོན་ལ་རང་ཉེས་ངོས་ལེན་མི་ཞུས་ཀ་མེད་བྱུང་། ཏཱ་པ་རྒྱུད་ཀྱི་དབང་ཤེད་ཅན་དང་དར་རྩེ་མདོའི་ཇ་ཚོང་པས་སེན་པ་ཡུལ་དཔོན་ལ་དགོངས་དག་ཞུ་དུས། མཚོ་གཉིས་ས་ཁུལ་དུ་ཐུན་མོང་ཐོག་ཇ་མཛོད་དེ་བསྐྲུན་པ་རེད་ཅེས་བཤད།

གཉིས།

ཇ་འདྲེན་གདལ་ལམ་ནི་མི་རིགས་སྤེལ་རེས་དང་མཉམ་འདྲེས་ཀྱི་ནུས་ལྡན་དངོས་བྲིས་ཤིག་ཡིན་ཡང་། ལོ་ཟླ་རིང་མོའི་ནང་ཇ་འདྲེན་གདལ་ལམ་གྱི་རྗེས་ཤུལ་མང་པོ་ཞིག་མེད་པར་འགྱུར་རྒྱུ་ནི་ལྡོག་ཐབས་མེད་པ་ཞིག་རེད།

སྤྱི་ཟླ6པའི་ཚེས10ཉིན།གསར་འགོད་པ་དང་དགེ་རྒན་ཏེང་མིང་ཆོན་རླངས་འཁོར་བསྡད་ནས་མཚོ་གཉིས་གྲོང་སྡེར་སོང་། གྲོང་སྡེའི་ཉེ་འགྲམ་དུ་རླངས་འཁོར་ལས་བབས་རྗེས་རི་ལམ་བརྒྱུད་ནས་གྲོང་སྡེར་འགྲོ་དུས་མིག་ལམ་དུ་མཐོང་བ་ནི་ཞུ་མཁན་དང་དར་ཤིང་འབྲས་བུ་རབ་ཏུ་སྨིན་པ་དང་མེ་ཏོག་དབང་ལག་བཞད་པའི་རྣམ་པ་སོགས་ཡིན།

ཉིན་དེར།དགེ་རྒན་ཏེང་མིང་ཆོན་གྱིས་གསར་འགོད་པར་མཚོ་གཉིས་གྲོང་སྡེར་རྡོ་ཞིག་ཡོད་པ་དེའི་སྟེང་དུ་ལག་རྟེན་ཁུང་བུ60ལྷག་ཡོད། རྡོ་དེ་ནི་ཇ་འདྲེན་གདལ་ལམ་སྟེང་གི་རྗེས་ཤུལ་ཡིན་པས་ད་ལྟར་འདི་འདྲའི་རྡོ་མཐོང་དཀོན་པོ་འདུག། དེང་སང་བགྲོད་ལམ་ཆེ་ཆུང་མང་པོ་ཡོད་པས་འགྲིམ་འགྲུལ་སྟབས་བདེ་རེད་མ་གཏོགས་སྔར་ཇ་འདྲེན་གདལ་ལམ་སྐབས་སུ་ལྕགས་ཟམ་རྫོང་གྲོང་ལ་འགྲོ་དུས་རི་ལུང་ཀྱག་ཀྱོག་བརྒྱུད་དགོས་པས་དཀའ་ཁག་ཧ་ཅང་ཆེ་ཞེས་བཤད།

དགེ་རྒན་ཏེང་མིང་ཆོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།དེ་སྔར་མཚོ་གཉིས་གྲོང་སྡེའི་ས་ཞིང་ཕལ་ཆེར་བྱེ་ཐང་ཡིན་ཞིང་། ཡུལ་མི་ཚོས་ཞིང་ཐོན་ཡག་པོ་ཡོང་བར་རེ་བ་བཅངས་ནས་ལོ་ལྟར་ཞིང་ནང་གི་རྡོ་སོགས་མེད་པ་བཏང་ནས་ས་ཞིང་བསྒྱུར་བཀོད་བྱེད་བཞིན་ཡོད།དེར་བརྟེན།ལག་རྟེན་ཁུང་བུ་ཡོད་པའི་རྡོ་དེའང་ག་སོང་ཆ་མེད་དུ་གྱུར། ཁོང་གཉིས་པོས་རྡོ་དེ་ཡུལ་མི་ཚོས་ཁང་ལས་བྱེད་དུས་མེད་པར་བཏང་བ་ཡིན་ནམ། ས་ཞིང་བསྒྱུར་བཀོད་བྱེད་དུས་ཡུལ་གཞན་ལ་འཁུར་བ་ཡིན་པ་སྙམ་ནས་སེམས་ཁྲལ་དང་བཅས་ཏེ་ཕར་ཚུར་ཡུན་རིང་ལ་བཙལ་མཐར་སྔར་གྱི་ཁུང་བུ་ཡོད་པའི་རྡོ་དེ་རྒྱབ་ངོས་བསྒྱུར་ནས་ཡོད་པ་མཐོང་། སྟབས་ལེགས་པ་ཞིག་ལ་སྔར་བཞིན་རྗེས་ཤུལ་ལ་ཆག་སྐྱོན་གང་ཡང་བྱུང་མེད། དགེ་རྒན་ཏེང་མིང་ཆོན་གྱིས་རྡོའི་གོང་རོལ་གྱི་ཁུང་བུ་ཆེ་བ་ཞིག་གི་གཟབ་ཚད་འཇལ་དུས་ལི་སྨི3ཙམ་ཡོད་པ་དང་། ཁོང་གིས་རྡོ་དེས་ཇ་འདྲེན་གདལ་ལམ་གྲོང་སྡེ་འདི་ནས་བརྒྱུད་ཡོད་པ་ར་སྤྲོད་ཐུབ་ཅེས་བཤད།།

དགེ་རྒན་ཏིན་མིན་ཆོན་གྱིས་ལག་རྟེན་གྱི་ཁུང་བུ་ཡོད་པའི་རྡོ་དེ་མཐོང་མ་ཐག་དགའ་སྤྲོ་ཆེན་པོ་སྐྱེས། གང་ལགས་ཤེ་ན།ཐག་མི་རིང་བའི་སར་ཇ་མཛོད་ཀྱི་རྗེས་ཤུལ་ཡོད་པས་རེད།

དགེ་རྒན་ཏེང་མིང་ཆོན་གྱི་སྣེ་ཁྲིད་འོག་གསར་འགོད་པས་ལམ་ཆུང་བརྒྱུད་ནས་རྒྱལ་མོ་རྔུལ་ཆུའི་ཕྱོགས་སུ་བསྐྱོད་པ་དང་མི་རིང་བར་རྡོ་བརྩིགས་ལྕགས་རི་ཞིག་ཡོད་པ་མཐོང། དགེ་རྒན་ཏེང་མིན་ཆོན་གྱིས་དེ་ནི་ཇ་མཛོད་ཀྱི་རྗེས་ཤུལ་རེད་ཟེར།

གསར་འགོད་པར་མཚོན་ན་ཇ་འདྲེན་གདལ་ལམ་གྱི་གཏམ་རྒྱུད་དང་རྗེས་ཤུལ་མང་པོ་ཞིག་དཔེ་དེབ་ནང་བཀོད་ཡོད་པ་ལས་དོན་དངོས་སུ་མཐོང་མ་མྱོང་། ཇ་འདྲེན་གདལ་ལམ་ནི་གསར་འགོད་པའི་ངོས་ནས་བརྗོད་ན་ཐ་སྙད་དེ་ནང་དོན་ལས་ཆེ་བ་ཞིག་ཡིན་པ་རེད།

ཉིན་དེར། དགེ་རྒན་ཏེང་མིང་ཆོན་གྱིས་གསར་འགོད་པར་ཇ་འདྲེན་གདལ་ལམ་ཐོག་གི་བདེན་དཔང་གལ་ཆེན་ཞིག་ནི་ཇ་མཛོད་རྗེས་ཤུལ་རེད། རྗེས་ཤུལ་དེས་ཇ་ནི་ལྕགས་ཟམ་ཁ་ནས་དར་རྩེ་མདོར་སྐྱེལ་འདྲེན་བྱས་པ་བདེན་དཔང་བྱས་ཐུབ། ལག་རྟེན་ཁུང་བུ་ཡོད་པའི་རྡོ་དེས་མི་རྣམས་ཀྱིས་

གསུམ།

མིང་རྒྱལ་རབས་ནས་ད་ལྟའི་བར་ཇ་མཛོད་ལ་ལོ་ངོ600ལྷག་གི་ལོ་རྒྱུས་ལྡན།

སྤྱི་ཟླ6པའི་ཚེས10ཉིན། གསར་འགོད་པ་ཇ་མཛོད་རྗེས་ཤུལ་དུ་སྐྱོད་སྐབས་གྱང་གི་རིང་ཚད་ལ་བལྟས་ནས་ཡ་མཚན་ཆེན་པོ་སྐྱེས། ཁོང་གི་སེམས་སུ་དེ་སྔ་ཇ་གསོག་མཁན་མང་བ་དང་དེ་བཞིན་སྐབས་དེ་དུས་ཀྱི་ལྕགས་ཟམ་རྫོང་གི་ཇ་འདྲེན་གདལ་ལམ་ཐོག་གི་འཁྲུག་ཆ་དོད་པོ་ཡིན་པར་བསམ་ཚོད་བྱས།

ཉིན་དེར་དགེ་རྒན་ཏེང་མིང་ཆོན་གྱི་ངོ་སྤྲོད་འོག་གསར་འགོད་པས་ལྕགས་ཟམ་རྫོང་ཇ་འདྲེན་གདལ་ལམ་སྐོར་གྱི་ལོ་རྒྱུས་དང་ཇ་མཛོད་ཀྱི་གལ་ཆེའི་རང་བཞིན་སོགས་གསལ་པོར་ཤེས་ཡོད། ཁོང་གིས་མི་རབས་རྗེས་མར་ཇ་འདྲེན་གདལ་ལམ་ཐོག་གི་གཏམ་རྒྱུད་བཤད་རྒྱུ་ཡིན་ཞེས་བཤད།

ཇ་མཛོད་ནས་ཐོན་རྗེས།དགེ་རྒན་ཏེང་མིང་ཆོན་གྱིས་གསར་འགོད་པའི་སྣེ་ཁྲིད་དེ་ཐག་མི་རིང་བའི་སར་དམར་དམག་རྒྱང་སྐྱོད་བྱེད་སྐབས་མའོ་ཀྲུའུ་ཞིས་ངལ་གསོ་གནང་མྱོང་བའི་གནའ་བོའི་ལྗོན་ཤིང་ཞིག་བསྟན། སྡོང་པོའི་སྟེང་དུ་རས་དམར་པོ་ཞིག་དཀྲིས་ཡོད་ལ།སྒོ་བྱང་ཞིག་ཀྱང་བཀལ་འདུག།བྱང་བུའི་སྟེང་དུ་སྡོང་པོའི་ལོ་ཚད་བྲིས་ཡོད་པ་མཐོང་བྱུང་།

སྡོང་པོ་དེ་མཐོང་སྐབས་དགེ་རྒན་ཏེང་མིང་ཆོན་གྱིས་ཇ་མཛོད་རྗེས་ཤུལ་གྱི་འབྱུང་འགྱུར་ལ་བསམ་ཚོད་བྱས་ནས་དམར་དམག་གི་རིག་གནས་དང་ཇ་འདྲེན་གདལ་ལམ་གྱི་རིག་གནས་ཟུང་འབྲེལ་བྱ་རྒྱུའི་རེ་བ་བཅངས། ཇ་མཛོད་དང་དམར་དམག་སྡོང་པོའི་བར་ཐག་ཉེ་བས་གལ་ཏེ་དམར་དམག་གི་རིག་གནས་དང་ཇ་འདྲེན་གདལ་ལམ་གྱི་རིག་གནས་ཕན་ཚུན་ཟུང་འབྲེལ་བྱས་ཚེ་ལྕགས་ཟམ་རྫོང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་འགྱུར་ངེས་རེད་ཅེས་བཤད་པ་རེད།།

དངོས་ཟོག་འཁུར་ནས་ལམ་དེ་བརྒྱུད་ཡོད་པ་ར་སྤྲོད་ཐུབ། ཡིན་ཡང་དངོས་ཟོག་གང་ཞིག་འཁུར་ཡོད་པ་ཐད་ཀར་ར་སྤྲོད་བྱེད་ཐབས་མེད། ཇ་མཛོད་ཀྱི་རྗེས་ཤུལ་མཐོང་རྗེས་གཞི་ནས་འཁུར་པའི་དངོས་ཟོག་ནི་ཇ་ཡིན་པ་གསལ་བཤད་ཐུབ་ཀྱི་ཡོད།དེར་བརྟེན།ཇ་མཛོད་ནི་ཇ་འདྲེན་གདལ་ལམ་ལ་མེད་དུ་མི་རུང་བའི་དཔང་རྟགས་ཤིག་ཡིན་ཞེས་བཤད།

2015ལོར་ལྕགས་ཟམ་རྫོང་རིག་དངོས་ཅུས་ཀྱི་ལས་དོན་མི་སྣ་དང་བགྲེས་སོང་ཏུང་ཙུའུ་ཞིན་སོགས་ཀྱིས་ཇ་མཛོད་ལ་རྟོག་ཞིབ་བྱས། འོན་ཀྱང2015ལོ་ནས་ད་བར་ཇ་མཛོད་རྗེས་ཤུལ་ལ་ལྟ་རྟོག་བྱེད་མཁན་མེད་པར་མ་ཟད།ཐ་ན་མཚོན་རྟགས་གཅིག་ཀྱང་བཀལ་མི་འདུག། དེང་སང་ས་གནས་དེ་གའི་ཡུལ་མིས་གྱང་རའི་ནང་དུ་མ་རྨོས་ལོ་ཏོག་འདེབས་ཀྱི་ཡོད་པ་རེད།

ཀུན་དགས་བྲིས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:མཚོ་སྔོན་མཚོ་བྱང་ནས་གནའ་བོའི་བང་སོ་འབོར་ཆེན་རྙེད་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།