ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་དཀར་མཛེས་ཁུལ་གྱི་མི་སྣ་གྲགས་ཅན་ཕ་ཡུལ་དུ་ལོག་པའི་བྱེད་སྒོའི་ནང་ཞུགས་མཁན་གྱི་སྐུ་མགྲོན་རྣམས་དང་བཞུགས་མོལ་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2023-09-04

ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་དཀར་མཛེས་ཁུལ་གྱི་མི་སྣ་གྲགས་ཅན་ཕ་ཡུལ་དུ་ལོག་པའི་བྱེད་སྒོའི་ནང་ཞུགས་མཁན་གྱི་སྐུ་མགྲོན་རྣམས་དང་བཞུགས་མོལ་གནང་།

སྤྱི་ཟླ8པའི་ཚེས25ནས30ཉིན་བར། དཀར་མཛེས་ཁུལ་གྱི་མི་སྣ་གྲགས་ཅན་ཕ་ཡུལ་དུ་ལོག་པའི་བྱེད་སྒོ་དེ་དཀར་མཛེས་ཁུལ་དུ་སྤེལ་ཞིང་། རིག་གཞུང་ལས་རིགས་དང་སྒྱུ་རྩལ་ལས་རིགས་ནས་ཡོང་བའི་དཀར་མཛེས་ཁུལ་གྱི་མི་སྣ་གྲགས་ཅན་དག་སྔ་རྗེས་སུ་འདབ་པ་དང་ལི་ཐང་། ཉག་ཆུ། དར་མདོ། ལྕགས་ཟམ་རྫོང(གྲོང་ཁྱེར)བཅས་སུ་ཡུལ་སྐོར་བསྐྱོད་ནས་དྲན་ཤེས་དང་རིག་པ་འཚོལ་ཞིབ་དང་། ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་མྱོང་ཚོར་ཟབ་མོ་ལོན་པ་རེད།བྱེད་སྒོ་སྤེལ་རིང་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་དར་མདོར་བྱེད་སྒོར་ཞུགས་མཁན་གྱི་སྐུ་མགྲོན་རྣམས་དང་མཉམ་དུ་ཕ་ཡུལ་གྱི་གནས་ཚུལ་དང་ཕ་ཡུལ་གྱི་འགྱུར་ལྡོག། འཕེལ་རྒྱས་དོན་གཉེར་བཅས་ཀྱི་ཕྱོགས་ནས་བཞུགས་མོལ་གནང་བ་རེད།

ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་སྐུ་མགྲོན་རྣམ་པ་སླར་ཡང་ཕ་ཡུལ་དུ་ལོག་པར་སྤྲོ་སེམས་འཕེལ་བའི་ངང་ནས་དགའ་བསུ་ཞུས་པ་དང་། ཁོང་ཚོས་དུས་ཡུན་རིང་པོར་ཕ་ཡུལ་གྱི་འཕེལ་རྒྱས་ལ་སེམས་ཁུར་དང་དོ་ཁུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་སྟེ།ཧྲེན་དབྱང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དཀར་མཛེས་ཁུལ་གྱི་མི་སྣ་གྲགས་ཅན་ཕ་ཡུལ་དུ་ལོག་པའི་བྱེད་སྒོ་སྤེལ་དོན་ནི་གཞན་ཡུལ་ན་ཡོད་པའི་དཀར་མཛེས་ཁུལ་གྱི་མི་སྣ་གྲགས་ཅན་ཚོས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་དང་། དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་གསར་པའི་འགྱུར་ལྡོག་ལ་མྱོང་ཚོར་བྱས་ཏེ། དཀར་མཛེས་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་བརྗིད་ཆེའི་སྟོབས་ཤུགས་དེ་བས་རྒྱ་ཁྱབ་དང་གཅིག་སྡུད་ཡོང་བར་སྐུལ་འདེད་གཏོང་བའི་ཆེད་དུ་ཡིན། སྐུ་མགྲོན་རྣམ་པས་གཞན་ཡུལ་ནས་འབད་བརྩོན་ཆེན་པོས་བྱ་གཞག་གོང་དུ་སྤེལ་བ་དང་།གྲུབ་འབྲས་ཆེན་པོས་ཕ་ཡུལ་ལ་དྲིན་ལན་འཇལ་བ་ནི་ཕ་ཡུལ་མི་དམངས་ཀྱིས་སྙིང་དབུས་ནས་སྤོབས་པ་བསྐྱེད་ཅིང་གུས་བཀུར་ཞུས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བ་གཙོ་རྐང་བྱ་རྒྱུར་རྒྱུན་འཁྱོངས་བྱས་པ་དང་། དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ་མགྱོགས་སུ་འཛུགས་པ་དང་། རང་སྟོབས་ཆེན་པོ་བཞི་གསོ་སྐྱོང་། འཐབ་ཇུས་ཆེན་པོ་ལྔ་ལག་བསྟར་བྱེད་པ་བཅས་བྱས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་འབེན་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། ཚང་མས་རྟག་ཏུ་ཕ་ཡུལ་དུ་ལོག་པ་དང་སྔར་བཞིན་ཕ་ཡུལ་གྱི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུ་དང་། ཕ་ཡུལ་གྱི་གཟུགས་བརྙན་སྨྲ་ཚབ་པ་དང་ཕ་ཡུལ་རིག་གནས་རྒྱུན་འཛིན་པ། ཕ་ཡུལ་འཕེལ་རྒྱས་ཀྱི་སྐུལ་འདེད་པ་བཅས་བྱས་ཏེ། མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཁྱོན་ཡོངས་ནས་བསྐྲུན་པར་ཐབས་ཇུས་འདོན་པར་རེ་སྒུག་ཆེན་པོ་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་མི་ལས་བྱེད་པ་བཅས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་སེམས་ལ་བརྟན་པོ་འཆང་བ་དང་། མུ་མཐུད་དུ་ཕ་ཡུལ་མི་དམངས་ཀྱི་རེ་བ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱ་ངེས་ཡིན་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་བེ་མདའ་ཡུལ་ཤོག་དབེན་པ་སྡེ་བའི་ལག་ཤེས་ཐོན་རྫས།
  • ལེ་ཚན་རྗེས་མ།:ཞིང་ཆེན་ཡོངས་ཀྱི་གངས་ལྗོངས་མཐོ་སྒང་གི་ལས་བཟོ་པའི་ཁྱིམ་གཞིས་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།