ཞིང་ཆེན་ཡོངས་ཀྱི་གངས་ལྗོངས་མཐོ་སྒང་གི་ལས་བཟོ་པའི་ཁྱིམ་གཞིས་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2023-09-04

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། གངས་ལྗོངས་མཐོ་སྒང་གི་ལས་བཟོ་པའི་ཁྱིམ་གཞིས་འཛུགས་སྐྱོང་གི་འཕེལ་རིམ་ལ་དུས་མཚམས་རང་བཞིན་གྱི་རྩིས་བཤེར། གངས་ལྗོངས་མཐོ་སྒང་ལས་བཟོ་པའི་ཁྱིམ་གཞིས་འཛུགས་སྐྱོང་གི་ལས་དོན་ཁག་ཞིབ་འཇུག་དང་བཀོད་སྒྲིག། བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་སྤྱི་ཚོགས་ཡུན་རིང་བདེ་འགོད་ལ་སྔར་བས་རམ་འདེགས་དང་། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་སྲུང་སྐྱོང་བཅས་བྱ་ཆེད། ཉེ་ཆར། ཞིང་ཆེན་ཡོངས་ཀྱི་གངས་ལྗོངས་མཐོ་སྒང་གི་ལས་བཟོ་པའི་ཁྱིམ་གཞིས་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོ་ཚོགས་འདུ་དེ་དར་མདོར་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཀྲའོ་ཅུན་མིང་དང་། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གཞུང་ལས་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་སུང་ཡུང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་མེའོ་ཡུང་། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཡིའུ་ཞང་ཧྥེ།རྔ་བ་ཁུལ་ཨུའི་རྒྱུན་ཨུ།ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཚེ་བརྟན་བཅས་ཚོགས་འདུར་ཞུགས་པ་རེད། ཚོགས་འདུ་དེ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་སུང་ཁའེ་ཧུའེ་ཡིས་གཙོ་སྐྱོང་གནང་བ་རེད།

ཀྲའོ་ཅུན་མིང་གིས་ཚོགས་འདུའི་ཐོག་བསྟན་དོན།གངས་ལྗོངས་མཐོ་སྒང་གི་ལས་བཟོ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱ་རྒྱུ་ནི་ཆབ་སྲིད་ཀྱི་འདུ་འགོད་ཅིག་ཡིན་ལ། དམངས་ཚོའི་འདུ་འགོད་ཅིག་ཀྱང་ཡིན། བཟོ་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་ནས་འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་ནང་བཟོ་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱ་བའི་བླང་བྱ་ལྡོག་ཏུ་མེད་པ་ཞིག་དང་། དེ་ནི་བཟོ་ཚོགས་ཞབས་ཞུ་ལྟེ་གནས་ཀྱིས་ཁྱོན་ཡོངས་ནས་ཞབས་འདེགས་ཞུ་བ་དང་།བོད་འབྲེལ་ས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། དེ་ནི་བཟོ་ཚོགས་ཀྱིས་གཞི་རྩའི་འགན་འཁྲི་བསྒྲུབས་པ་དང་།བོད་འབྲེལ་ས་ཁུལ་གྱི་ལས་བཟོ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། བོད་འབྲེལ་ས་ཁུལ་དུ་གངས་ལྗོངས་མཐོ་སྒང་གི་ལས་བཟོ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ནི་དགོན་སྡེའི་ཚད་ལྡན་དོ་དམ་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། བོད་ཀྱི་བདེ་འཇགས་བརྟན་རླིང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། ཉེ་བའི་ལོ་ཤས་རིང་སི་ཁྲོན་བཟོ་ཚོགས་ཀྱིས་བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས།ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་བཟོ་ཚོགས་རྩ་འཛུགས་ཀྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། གངས་ལྗོངས་མཐོ་སྒང་ལས་བཟོ་པའི་ཁྱིམ་གཞིས་འཛུགས་སྐྱོང་ལ་ཤུགས་བརྒྱབ་པ་དང་། གཡུལ་ས་འཛུགས་སྐྲུན་ལ་ཤུགས་སྣོན་ནུས་ལྡན་ཐེབས་པ་དང་། རྩ་འཛུགས་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པས་ཕྱོགས་སོ་སོའི་རྒྱབ་སྐྱོར་དང་ཁས་ལེན་ཐོབ་པ་དང་།དགེ་མཚན་ལྡན་པའི་ཕན་འབྲས་ཀྱང་ཐོབ་པ་རེད།། 


  • ལེ་ཚན་སྔོན་མ།:ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་དཀར་མཛེས་ཁུལ་གྱི་མི་སྣ་གྲགས་ཅན་ཕ་ཡུལ་དུ་ལོག་པའི་བྱེད་སྒོའི་ནང་ཞུགས་མཁན་གྱི་སྐུ་མགྲོན་རྣམས་དང་བཞུགས་མོལ་གནང་།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོང་དང2023ལོའི་ཞིང་དཔོན་ལམ་ལུགས་ཀྱི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།