གློག་བརྙན་གསར་པ«ཁྱི་རྒན་བཀྲ་ཤིས»ཞེས་པ་དངོས་སུ་ཕབ་མགོ་བརྩམས་པ།

    མཚོ་སྔོན་བོད་ཡིག་གསར་འགྱུར།    2023-09-05

  ཉེ་ཆར་གློག་བརྙན«ཁྱི་རྒན་བཀྲ་ཤིས»ཞེས་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་ཕབ་མགོ་བརྩམས། གློག་བརྙན་འདི་ནི་ན་གཞོན་འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་གྱིས་འཁྲབ་ཁྲིད་པའི་འགན་ཁུར་ཞིང་། སྒྲུང་གཏམ་པ་ཁྲི་སེམས་དཔའི་སྒྲུང་ཐུང«བཀྲ་ཤིས་ཞེས་པའི་ཁྱི་རྒན་ཞིག་རྗེས་སུ་དྲན་པ»དང«རིག་ལྡན་གྱི་ནུ་བོའི་མིང་ལ་ལོ་ལོ་ཟེར»གཉིས་བཅོས་སྒྲིག་བྱས་ནས་གྲུབ་པ་ཡིན།

གློག་བརྙན་གསར་པ«ཁྱི་རྒན་བཀྲ་ཤིས»ཞེས་པ་དངོས་སུ་ཕབ་མགོ་བརྩམས་པ།

       «ཁྱི་རྒན་བཀྲ་ཤིས»ཞེས་པའི་གློག་བརྙན་འདིའི་ནང་བཀྲ་ཤིས་ཀྱི་བྱིས་དུས་ཀྱི་དགའ་བ་དང་འཚར་ལོངས་བྱུང་རྗེས་ཀྱི་སྐྱོ་བ་གཉིས་མཉམ་དུ་འདྲེས་པའི་གཏམ་རྒྱུད་ཅིག་ཡིན། བཀྲ་ཤིས་ཚང་ཆུང་ངུའི་དུས་སུ་གྲོ་ཞིང་ཁ་གྲོང་རྡལ་དུ་འཚོ་བ་རོལ་ཞིང་། ཁོས་འཆི་ཉེན་ཡོད་པའི་ཁྱི་རྒན་ཞིག་བསྐྱབས་ཤིང་རྨོ་མོ་སྒྲོལ་མར་བྱིན། བློ་ཡུལ་ལས་འདས་པ་ཞིག་ལ་རྨོ་མོ་སྒྲོལ་མས་ཁྱི་རྒན་ལྡོམ་པོ་དེའི་མིང་ལ་བཀྲ་ཤིས་ཞེས་བཏགས། དེ་ནས་བཟུང་སློབ་གྲོགས་ཚོས་བཀྲ་ཤིས་ཀྱི་མིང་ལ་བཀྲ་ཤིས་མི་འབོད་པར་ཁྱི་རྒན་བཀྲ་ཤིས་ཞེས་བོས་པས། བཀྲ་ཤིས་ལ་མཚོན་དེ་ནི་སེམས་པ་སྐྱོ་བའི་རྒྱུ་དང་ངོ་ཚ་ཡུལ་དུ་ཡང་གྱུར། དེའི་རྐྱེན་པས། བཀྲ་ཤིས་ཀྱིས་ཁྱི་རྒན་བཀྲ་ཤིས་གསོད་རྒྱུའི་ཆོད་སེམས་སྙིང་ལ་བཅངས། ཉིན་ཞིག་ཁོས་ཁྱི་རྒན་བཀྲ་ཤིས་བདའ་ཞིང་རྡོས་བརྒྱབ་པས་མིག་ཡ་གཅིག་ལོང་བར་བཟོས། དོན་དག་དེ་ནི་ཁོ་རང་འཚར་ལོངས་བྱུང་རྗེས་རྟག་པར་ཡིད་ལ་འཁོར་ཞིང་བསུབ་ཐབས་མེད་པའི་ནོངས་འགྱོད་ཆེན་མོ་ཞིག་ཏུ་གྱུར། ཡིན་ནའང་རྗེས་སུ་མ་བསམས་ས་ནས་གཏམ་རྒྱུད་དེ་ལ་པར་གཞི་གཞན་ཞིག་ཀྱང་ཡོད་པ་ཤེས་སོང་།

གློག་བརྙན་གསར་པ«ཁྱི་རྒན་བཀྲ་ཤིས»ཞེས་པ་དངོས་སུ་ཕབ་མགོ་བརྩམས་པ།

ཕབ་སྐྲུན་མཛད་སྒོའི་ཡུལ་དངོས།

གློག་བརྙན་གསར་པ«ཁྱི་རྒན་བཀྲ་ཤིས»ཞེས་པ་དངོས་སུ་ཕབ་མགོ་བརྩམས་པ།

ཕབ་སྐྲུན་བྱེད་བཞིན་པ།

འཁྲབ་ཁྲིད་པ་ངོ་སྤྲོད་མདོར་བསྡུས།

གློག་བརྙན་གསར་པ«ཁྱི་རྒན་བཀྲ་ཤིས»ཞེས་པ་དངོས་སུ་ཕབ་མགོ་བརྩམས་པ།

       དར་རྒྱས་བསྟན་འཛིན་ནི། འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ། 1986ལོར་ཁམས་ནང་ཆེན་ནས་སྐྱེས་པ་དང་། མིག་སྔའི་བར་དུ་གློག་བརྙན་ཕབ་སྐྲུན་གྱི་ལས་ཀ་མང་པོར་ཞུགས་ཤིང་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། སྔ་ཕྱིར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་རྩོམ་རིག་དངོས་གཞིའི་ཆེད་ལས་དང་པེ་ཅིན་གློག་བརྙན་སློབ་གླིང་། ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་དུ་འཁྲབ་གཞུང་དང་འཁྲབ་ཁྲིད་བཅས་ལ་སློབ་གཉེར་བྱས། བརྩམས་ཆོས་ལ་འཁྲབ་གཞུང་དང་འཁྲབ་ཁྲིད་བྱས་པའི་སྤྱི་ཕན་གློག་བརྙན«དར་སྐུད་དམར་པོ»ཞེས་པ་ཡོད་ལ། ཁོའི་འཁྲབ་གཞུང་བརྩམས་ཆོས«ཅིའི་ཕྱིར་གསེར་མདའ་རུ་འགྲོ»ཞེས་པའི་གློག་བརྙན་ལ་ཆེད་ལས་འཁྲབ་གཞུང་གི་བྱ་དགའ་ཐོབ། མིག་སྔར་ཕབ་སྐྲུན་བྱེད་བཞིན་པའི་གློག་བརྙན«སྒྲུང་པ»སྐབས་གཉིས་པའི་ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད་ཅིང་། ལག་བསྟར་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས«ཐར་ལོ»ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་འོས་མིང་དུ་ཚུད་པ་དང་། སྐབས52པའི་ཐའེ་ཝན་གསེར་རྟ་རྟགས་མའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་ཐོབ། གློག་བརྙན«ལག་དམར»ལ་སྐབས75པའི་ཝེ་ནཱ་སི་གློག་བརྙན་དུས་སྟོན་གྱི་སྡེ་ཚན་གྱི་ཕུལ་བྱུང་འཁྲབ་གཞུང་བྱ་དགའ་ཐོབ། སྐབས55པའི་ཐེ་ཝན་གསེར་རྟ་རྟགས་མའི་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་དང་འཁྲབ་གཞུང་བཅོས་བསྒྱུར་བྱ་དགའ་ཐོབ། དེ་མིན་ཕབ་སྐྲུན་དུ་ཞུགས་པའི་གློག་བརྙན་ལ«318གཞུང་ལམ»དང«དབང་གྲགས་ཀྱི་ཆུ་ལྷམ» «གཅིག་དང་བཞི»སོགས་ཡོད།


  • ལེ་ཚན་སྔོན་མ།:“སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ”འགྲིམ་འགྲུལ་བདེ་འཇགས་སྐོར།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་དབུ་ཚོགས་འདིར་བརྙན་ལམ་ཐོག་ནས་ཤིས་ཚིག་གནང་།
  • དོ་སྣང་ཆེ་བའི་རྩོམ།