“སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ”འགྲིམ་འགྲུལ་བདེ་འཇགས་སྐོར།

ཨོ་རྒྱན་གྱིས་བསྒྱུར།        2023-09-05

   “གློག་དམར་ཤར་ཚེ་འགྲོ་མཚམས་ཞོག། གློག་ལྗང་ཤར་ཚེ་མདུན་དུ་སོང་། སློབ་གྲྭར་སྐྱོད་ཚེ་ལམ་གྱི་གཡས་ནས་སོང་།” སྤྱི་ཟླ9པའི་ཚེས1ཉིན། སྤྲོ་སྐྱིད་ཀྱི་དབྱར་གནང་གི་འཚོ་བ་མཇུག་རྫོགས་ནས་སློབ་དུས་གསར་པ་དངོས་སུ་འགོ་ཚུགས་པ་རེད། དཀར་མཛེས་ཁུལ་གྱི་རྫོང(གྲོང་ཁྱེར)ཁག་གི་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པས་སོ་སོའི་ས་གནས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་བསྐྱོད་ནས་དགེ་སློབ་ཚོར་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི“སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ”འཚོགས་པ་རེད།

རྟའུ་རྫོང་།

“སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ”འགྲིམ་འགྲུལ་བདེ་འཇགས་སྐོར།
“སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ”འགྲིམ་འགྲུལ་བདེ་འཇགས་སྐོར།

     འགྲིམ་འགྲུལ་ཉེན་རྟོག་པས་སློབ་གྲྭའི་ཉེ་འགྲམ་གྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་གི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་ཁྲིད་དང་ཡིག་ཆ་འགྲེལ་བཤད་བྱས། བདེ་འཇགས་འགྲོ་སྐྱོད་ཀྱི་ཉེན་བརྡ་གཏོང་བའི་སློབ་གསོའི་བརྙན་ཐུང་སྒྲོག་གཏོང་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་སོགས་ཀྱི་སྒོ་ནས་སློབ་གྲོགས་ཚོར་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་བྱ་ཤེས་སུ་བཅུག་པ་རེད། དེ་བཞིན་གཞུང་ལམ་ཐོག་ཏུ་རྩེད་མོ་རྩེ་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཀྱི་གནོད་འཚེའི་རང་བཞིན་འགྲེལ་བཤད་བརྒྱབ་པར་མ་ཟད། སློབ་མར་རང་འགུལ་ངང་གཞུང་ལམ་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས་ཤེས་དཔལ་ལྡན་པའི་སློབ་མ་ཡ་རབས་ཤིག་བྱ་དགོས་པའི་སྐུལ་མ་བྱས་པ་རེད།

དཔལ་ཡུལ་རྫོང་།

“སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ”འགྲིམ་འགྲུལ་བདེ་འཇགས་སྐོར།
“སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ”འགྲིམ་འགྲུལ་བདེ་འཇགས་སྐོར།

རོང་བྲག་རྫོང་།

“སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ”འགྲིམ་འགྲུལ་བདེ་འཇགས་སྐོར།
“སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ”འགྲིམ་འགྲུལ་བདེ་འཇགས་སྐོར།

     “སློབ་འགོ་ཚུགས་པའི་སློབ་ཐུན་དང་པོའི”འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད་སློབ་མ་ཚོས་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་རྟོགས་བྱུང་བ་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཐུབ་ཚད་མཐོ་རུ་ཕྱིན་ཞིང་། སློབ་མ་ཚོའི་སེམས་སུ“འགྲིམ་འགྲུལ་བདེ་འཇགས་དོན་ཆུང་མིན་པའི”འདུ་ཤེས་སྐྱེས་ནས། བདེ་འཇགས་ངང་འགྲོ་སྐྱོད་དང་རང་ཉིད་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་ཐུབ་ཡོད། སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་ཕྱོགས་ཀྱིས་སློབ་འགོ་ཚུགས་པའི་དུས་སུ་བདེ་འཇགས་དང་། ཤར་བགྲོད། གོ་རིམ་ལྡན་པ་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་གཏོད་ཆེད་འགན་ལེན་ནུས་ལྡན་བྱས་ཡོད།


ཕྱག་ཕྲེང་རྫོང་།

“སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ”འགྲིམ་འགྲུལ་བདེ་འཇགས་སྐོར།
“སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ”འགྲིམ་འགྲུལ་བདེ་འཇགས་སྐོར།

ཉག་ཆུ་རྫོང་།

“སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ”འགྲིམ་འགྲུལ་བདེ་འཇགས་སྐོར།
“སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ”འགྲིམ་འགྲུལ་བདེ་འཇགས་སྐོར།

  • ལེ་ཚན་སྔོན་མ།: རང་ཁུལ་གྱི་རིག་ནུས་ཞིང་ལས་ཀྱིས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།