ལི་ཐང་གི་སྙན་ངག།

བསྟན་པ་དར་རྒྱས་ཀྱིས་བྲིས།        2023-09-04

ཨར་འདམ་གྱི་ཀློང་དུ་མ་འཐིམ་པའི་གཟིམ་ཁང་

རྙིང་པ་ནི།

ཡབ་ཆེན་གྱི་བྱིན་རླབས་དང་བློ་སྤོབས་ཀྱི་ཕྱག་རྒྱས་

ཟིན་ཞིང་།

ཚེ་སྲོག་གི་ལོང་བ་དག་ཀྱང་།

མདངས་མ་ཉམས་པར་གསོན་ཡོད།

གནས་འདི་ནས་གོམ་ཁ་དལ་མོས་བསྐྱོད་ན།

སེམས་ངལ་གྱི་ཁྲེས་པོ་ཁྲུང་ཁྲུང་ལ་བཀལ་བའི་

མི་ཞིག་ཀྱང་དྲན་འོང་།

ཡིད་ཡུལ་གྱི་ཐ་སྙད་ཚོགས་ཡང་དང་བསྐྱར་དུ་

བརྩིགས་ཀྱང་།

ཁྱོད་རང་བཞེངས་ཐབས་མ་བྱུང་།

དྲན་པ་འོབས་སུ་འགྱེལ་བའི་མཚན་མོ་འདིར།

ལི་ཐང་ནི།

ངོ་མཚར་གྱི་གདུང་བ་འབྲི་སའི་རྩིག་ལྡེབས་ཆེན་

པོ་ཞིག་རེད།


  • ལེ་ཚན་སྔོན་མ།:བརྩེ་བའི་འཕྲིན་པ།
  • ལེ་ཚན་རྗེས་མ།:ཨེ་ལེའི་སི།