ཞིང་ལས་གྲོང་གསེབ་པུས་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚད་ལྡན་ཅན་གྱི་དཔེ་སྟོན་རྟེན་གཞི་འཛུགས་གཏོད་ཀྱི་ཚན་པ་ཁག་དང་པོ་ཁྱབ་བསྒྲགས་བྱས་པ།

    མི་དམངས་དྲ་བ་ནས་དྲངས།    2023-09-07

ཉེ་ཆར། ཞིང་ལས་གྲོང་གསེབ་པུའི་གཞུང་དོན་ཐིང་གིས《ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚད་ལྡན་ཅན་གྱི་དཔེ་སྟོན་རྣམ་གྲངས(རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚད་ལྡན་ཅན་གྱི་དཔེ་སྟོན་རྟེན་གཞི)འཛུགས་གཏོད་ཚན་པ་ཁག་དང་པོའི་མིང་ཐོ་ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

《བརྡ་ཐོ》ཡི་ནང་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚད་ལྡན་ཅན་གྱི་དཔེ་སྟོན་རྟེན་གཞི་འཛུགས་གཏོད་ཚན་པ་ཁག་དང་པོའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང། དེར་འབྲུ་སྣུམ་དང་། སྔོ་ཚལ། ཤིང་འབྲས། སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས། ཆུའི་ཐོན་རྫས་སོགས་ཐོན་རྫས་རིགས་ཆེ་གྲས5ཡོད་པ་རེད། དཔེ་སྟོན་རྟེན་གཞིར“རྟེན་གཞིའི་ཚན་པ+ལག་རྩལ་ཚན་པ+གཙོ་གཉེར་དོ་དམ་ཚན་པ”བཅས་ཀྱི་བྱེད་ཐབས་སྤྱད་དེ་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚད་ལྡན་མ་ལག་འཛུགས་པ་དང་། ཚད་གཞི་ལྟར་ཐོན་སྐྱེད་བྱེད་པའི་ལམ་ལུགས་འཛུགས་པ། བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ཚོད་འཛིན་ལ་ཤུགས་རྒྱག་པ། འབྱུང་འཕྲོད་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་སྤུས་དག་གཏོད་པ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་སོགས་ནས་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་གི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འཛུགས་གཏོད་ལས་དོན་ཡག་པོ་ཏན་ཏིག་བསྒྲུབ་ཆེད། ཞིང་ལས་དང་གྲོང་གསེབ་པུས་འབྲེལ་ཡོད་ལག་རྩལ་ཚན་པ་སྒྲིག་འཛུགས་དང་ས་གནས་ཁག་གི་དཔེ་སྟོན་རྟེན་གཞི་འཛུགས་གཏོད་ཀྱི་གསོ་སྦྱོང་དང་མཛུབ་ཁྲིད་ལ་ཤུགས་བརྒྱབ་སྟེ“གཅིག་ལ་གྲུབ་འབྲས་ཐོབ་ན་དེར་ཞིབ་བཤེར་རྩིས་ལེན་བྱེད་པའི”རྩ་དོན་ལྟར་དཔེ་སྟོན་རྟེན་གཞི་གཏན་འཁེལ་གྱི་ལས་དོན་ཡག་པོ་སྒྲུབ་ཀྱི་ཡོད་པ་རེད། 《གྲོང་གསེབ་དར་རྒྱས་ཚད་ལྡན་ཅན་གྱི་བྱ་སྤྱོད་ཇུས་གཞི》ཡི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཞིང་ལས་དང་གྲོང་གསེབ་པུས་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚད་ལྡན་ཅན་གྱི་དཔེ་སྟོན་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚད་ལྡན་ཅན་གྱི་དཔེ་སྟོན་རྟེན་གཞི300སྐྲུན་གྱི་ཡོད་པ་རེད།



  • ལེ་ཚན་སྔོན་མ།:སི་ཁྲོན་དང་ཀྲེ་ཅང་གིས་ལག་གདང་སྦྲེལ་ནས་འབྲི་གཡག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།