ཁུལ་ཡོངས་ཀྱི་སྐོར་ཞིབ་ལས་དོན་དང་སྐབས་བཅུ་གཉིས་པའི་ཁུལ་ཨུའི་རེས་སྐོར་བཞི་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2023-09-06

ཉེ་ཆར། ཁུལ་ཡོངས་ཀྱི་སྐོར་ཞིབ་ལས་དོན་དང་སྐབས་བཅུ་གཉིས་པའི་ཁུལ་ཨུའི་རེས་སྐོར་བཞི་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དར་མདོར་འཚོགས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་དོན་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་སྐབས་བཅུ་གཉིས་པའི་ཁུལ་ཨུའི་རེས་སྐོར་བཞི་པའི་སྐོར་ཞིབ་ལ་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག་ནན་གསུང་གནང་དོན། གཅིག་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ལས་དོན་གྱི་འཆར་འགོད་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་རང་ཁུལ་གྱི་སྐོར་ཞིབ་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་ཆབ་སྲིད་སྐོར་ཞིབ་གཏིང་ཟབ་ཏུ་གཏང་དགོས། གསུམ་ནས་ལས་ཀའི་མ་ལག་འཐུས་ཚང་དུ་གཏང་དགོས། བཞི་ནས་རྒྱུན་དུ་ཟིལ་གྱིས་གནོན་ཤུགས་འགན་ལེན་བྱ་དགོས། ལྔ་ནས་གནད་དོན་དག་ཐེར་ཡོ་བསྲང་བྱེད་ཤུགས་ཆེ་རུ་གཏང་དགོས།

ཚོགས་འདུའི་ཐོག་སྐབས་བཅུ་གཉིས་པའི་ཁུལ་ཨུའི་རེས་སྐོར་བཞི་པའི་སྐོར་ཞིབ་ལས་དོན་ཏན་ཏིག་ངང་བསྒྲུབས་ནས་སྐོར་སྐྱོད་ལ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། སྐོར་སྐྱོད་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྐོར་སྐྱོད་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བྱ་དགོས།ཆབ་སྲིད་ཀྱི་ལྟ་སྐུལ་གནས་ངེས་ཡང་དག་བྱ་དགོས་པ་དང་། གནད་དོན་གྱི་ཁུངས་སྣེ་སྣ་ཚོགས་སྔོག་འདོན་གཏིང་ཟབ་བྱ་དགོས། སྐོར་སྐྱོད་ཀྱི་འགན་འཁྲི་དང་ངེས་གནས་ནན་སྲུང་བྱ་དགོས། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་སྐོར་ཞིབ་ལས་དོན་གྱི་ཚད་ལྡན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏང་དགོས། དཀར་མཛེས་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་དབུ་ཚོགས་འདིར་བརྙན་ལམ་ཐོག་ནས་ཤིས་ཚིག་གནང་།
  • ལེ་ཚན་རྗེས་མ།:དུང་དཀར་ལུང་པའི་འཆམ་མཐུན་ཕུག་ལམ་གཉིས་པ་ཕུག་ཐུབ་ཡོད།
  • དོ་སྣང་ཆེ་བའི་རྩོམ།