དམངས་ཀྱི་དཀའ་ངལ་སེལ་བར་བྱས།། འཕེལ་རྒྱས་ལས་ལ་ཧུར་གྱིས་བརྩོན།།

བདེ་ཆེན་དབང་མོས་བསྒྱུར།        2023-09-08

ལི་ཐང་རྫོང་འཛོམ་པ་ཡུལ་ཤོག་ཨ་མདོ་གྲོང་སྡེའི་བཅའ་སྡོད་ཧྲུའུ་ཅི་ལི་ཀྲང་ཆོན་གྱི་གནས་ཚུལ་རགས་བཀོད།


ལི་ཀྲང་ཆོན་ནི2020ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ནས་སློབ་མཐར་ཕྱིན་ཞིང་། སི་ཁྲོན་འཕྲལ་མཁོ་ཤེས་ལྡན་མི་སྣ་བདམས་གསེས་སྐོང་འཐེན་བརྒྱུད་ནས་དཀར་མཛེས་ཁུལ་ནོར་སྲིད་ཅུས་སུ་ལས་ཀ་བཀོད་སྒྲིག་བྱས། 2021ལོའི་ཟླ་བ5པར་གོང་རིམ་གྱིས་ལི་ཐང་རྫོང་འཛོམ་པ་ཡུལ་ཤོག་གི་གཞི་རིམ་དུ་མངགས་ནས་ཨ་མདོ་གྲོང་སྡེར་བཅའ་སྡོད་བྱས། ཁོས་མི་རིགས་མཐུན་སྒྲིལ་དེ་མང་ཚོགས་ཀྱི་ལས་དོན་ཆེ་ཤོས་སུ་བརྩིས་ནས་རྒྱུན་འཁྱོངས་བྱས་ཤིང་། གྲོང་མིའི་དཀའ་ངལ་ལ་ཕན་པའི་ལས་སུ་ཞུགས་ནས་ཉིན་རྒྱུན་མང་ཚོགས་དང་འབྲེལ་བ་བཟང་པོ་བྱས་པ་དང་། མཐུན་སྒྲིལ་གྱི་བྱ་བ་ནི་སེ་འབྲུའི་ནང་སྙིང་ལྟར་མཉམ་དུ་དམ་པོར་སྦྲེལ་བ་ཞིག་ཡིན་པས་གསོན་ཉམས་དོད་པོས་ལག་ལེན་ཡང་དག་བསྟར་ཡོད།

ཁོ་གྲོང་སྡེའི་དུད་ཚང་རེ་རེར་བསྐྱོད་དེ་མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་བྱས་པ་དང་། མང་ཚོགས་དང་སེམས་ཐག་ཉེ་གང་ཐུབ་བྱས་ཤིང་། ཁོས་མི་སེར་ཚོའི་ཁྱིམ་དུ་བསྐྱོད་དེ་ཁྱིམ་ཚང་གི་གནས་ཚུལ་རྒྱུས་ལོན་བྱས་པས། གཞི་ནས་གྲོང་མིའི་སེམས་དང་མཐུན་པ་བྱུང་ལ། དེ་ནས་ཁོ་ཚོ་དང་མཉམ་དུ་བོད་སྐད་མང་ཙམ་སྦྱོང་ཆོག་ལ། གཞི་རིམ་གྱི་གནས་ཚུལ་མང་ཙམ་རྒྱུས་ལོན་བྱུང་ཚེ་འཆམ་མཐུན་ལྡན་པའི་ལས་ལ་བརྩོན་ཆོག། མི་རིགས་མཐུན་སྒྲིལ་གྱི་རྩ་བའི་འདུ་ཤེས་ཁོང་ཚོའི་སེམས་སུ་ཟུག་ཐུབ་སོང་ཞེས་བཤད་པ་རེད།

དམངས་ཀྱི་དཀའ་ངལ་སེལ་བར་བྱས།། འཕེལ་རྒྱས་ལས་ལ་ཧུར་གྱིས་བརྩོན།།
ལི་ཀྲང་ཆོན་གྱིས་གྲོང་མིར་ཤིང་དབོར་འདྲེན་བྱེད་བཞིན་པ།

དམངས་ཀྱི་དོན་དུ་གཞི་རིམ་ལ་བསྐྱོད་པའི་ཧྲུའུ་ཅི་བཟང་པོ་ལ་ལྷག་བསམ་ཆེ།།

ལི་ཀྲང་ཆོན་ཨ་མདོ་གྲོང་སྡེའི་དུད་ཚང93དུ་ཐེངས་མང་བསྐྱོད་དེ་དམངས་ཕན་གྱི་བྱ་བ་མང་དུ་བསྒྲུབས། ཁོས་དུད་ཚང་རེ་རེའི་གནས་ཚུལ་རྒྱུས་མངའ་ཡོད་ལ། དུས་དང་རྣམ་པ་ཀུན་ཏུ་གྲོང་མིའི་བདེ་སྡུག་སེམས་སུ་བཅངས་ཡོད། གྲོང་མི་དོན་གྲུབ་ཚང་གི་ཁང་པ་ལ་ལོ་ངོ་མང་པོར་བསྐྱར་གསོ་མ་བྱས་པས་ཁང་པ་བརྡིབ་ལ་ཉེ་བ་ཞིག་གི་ནང་དུ་ཁྱིམ་མི་ཚང་མ་མཉམ་དུ་བསྡད་པ་དང་། ཁྱིམ་ཚང་གི་དཀའ་ངལ་ཧ་ཅང་ཆེ་བས་ཁང་པ་ཞིག་གསོ་མ་ཐུབ་པས་དུས་ཚོད་འགོར་སོང་བ་རེད། ལི་ཀྲང་ཆོན་གྱིས་གནས་ཚུལ་དེ་ཤེས་མ་ཐག་ཀྲུང་གོ་མི་དམངས་འགན་བཅོལ་སྤྱི་གཉེར་ཁང་དང་འབྲེལ་བ་བྱས་ཏེ། དོན་གྲུབ་ཚང་གི་སྡོད་ཁང་ལ་གནོད་སྐྱོན་ཐེབས་པས་མྱུར་དུ་ཉམས་གསོ་ལེགས་སྒྲུབ་གྱི་མཐུན་སྦྱོར་བྱས་པ་བརྒྱུད་ཕྱོགས་སོ་སོ་ནས་མ་དངུལ་སྒོར་ཁྲི1ཙམ་གྱིས་རོགས་སྐྱོར་ཐོབ་པས་དོན་གྲུབ་ཚང་གི་ཁང་པ་དུས་ཐོག་ཏུ་བསྐྱར་གསོ་བྱས་ཐུབ་ཡོད། 2021ལོའི་དགུན་ཁ་སླེབས་དུས་ཨ་མདོ་གྲོང་སྡེའི་གནམ་གཤིས་གྲང་མོ་ཡིན་པས་གྲོང་སྡེའི་ཆུ་སྦུག་འཁེངས་ནས་གྲོང་མིའི་འཐུང་ཆུར་དཀའ་ངལ་ཆེན་པོ་བྱུང་། ཁོས་ཕྱོགས་སོ་སོའི་ཐོན་ཁུངས་དང་འབྲེལ་བ་ཧུར་ཐག་བྱས་ཏེ། གྲོང་མི་ཚོ་དང་མཉམ་དུ་དཀའ་ངལ་ལ་མི་འཛེམས་པར་ཉིན་བཅུ་བཞི་རིང་གི་འབད་འཐབ་འོག་མཐར་ཆུ་འཁྲིད་ཐུབ་པ་རེད། 2023ལོའི་དཔྱིད་གསར་དུས་ཆེན་རྗེས་ལི་ཀྲང་ཆོན་གྱིས་བཅར་འདྲི་བྱས་པ་བརྒྱུད་གྲོང་མི་ཚུལ་ཁྲིམས་དང་ཆོས་བློ་ཚང་གི་ཕྲུ་གུ་ཚོའི་སློབ་སྦྱོང་གི་སྦྱངས་འབྲས་ཧ་ཅང་ཡག་པོ་ཡོད་མོད། འོན་ཀྱང་ངལ་རྩོལ་ནུས་ཤུགས་མ་འདང་བ་དང་ཁྱིམ་ཚང་གི་གནས་ཚུལ་ཅུང་ཞན་སྟབས་སློབ་གྲྭར་ཞུགས་པར་དཀའ་ངལ་འཕྲད། ཁོས་སྤྱི་ཚོགས་རོགས་སྐྱོབ་དང་འབྲེལ་བ་བྱེད་པ་དང་རང་ཉིད་ཀྱི་ཞལ་འདེབས་ཧུར་ཐག་བྱས་པ་བརྒྱུད། ཁྱིམ་ཚང་གཉིས་ལ་ཕྲུ་གུ་སློབ་གྲྭར་ཞུགས་པའི་སློབ་ཡོན་སྒོར8000ལྷག་གི་རོགས་སྐྱོར་ཐོབ་པས་སློབ་མ6གི་སློབ་ཞུགས་ལམ་བུར་བར་ཆད་སེལ་རོགས་བྱས།

དམངས་ཀྱི་དཀའ་ངལ་སེལ་བར་བྱས།། འཕེལ་རྒྱས་ལས་ལ་ཧུར་གྱིས་བརྩོན།།
ལི་ཀྲང་ཆོན་གྱིས་གྲོང་མིར་སྨན་བཅོས་འགན་བཅོལ་སྤྲོད་རོགས་བྱེད་བཞིན་པ།

གྲོང་སྡེར་བསྐྱོད་ནས་བོད་སྐད་སྦྱངས་པས་གཞི་རིམ་མང་ཚོགས་ལ་འབྲེལ་བ་བཟང་།།

ཨ་མདོ་གྲོང་སྡེའི་གྲོང་མི་མང་ཆེ་བས་རྒྱ་སྐད་མི་གོ་བ་དང་རིག་ནུས་ཁ་པར་སྤྱོད་པའི་ཐད་ད་དུང་དཀའ་ངལ་ཡོད། དཔེར་ན། ཁ་པར་ཐོག་ནས་སྨན་བཅོས་འགན་བཅོལ་ཉོ་སྐབས་གྲོང་མི་ཚོ་དཀའ་ངལ་མང་པོར་འཕྲད་ཀྱིན་ཡོད། དེར་བརྟེན་ལི་ཀྲང་ཆོན་གྱིས་གྲོང་སྡེའི་ནང་དམངས་ཕན་ཞབས་ཞུའི་ས་ཚུགས་བཙུགས་ཏེ། གྲོང་མིའི་སྨན་བཅོས་འགན་བཅོལ་འཇལ་སྤྲོད་དང་བསྐྱར་དཔར། དཔང་ཡིག་སྣ་ཚོགས་བཅས་ཚང་མ་དམངས་ཕན་ཞབས་ཞུའི་ས་ཚུགས་སུ་སྒྲུབ་རོགས་དང་ཐག་གཅོད་བྱས་པ་རེད།

ལི་ཀྲང་ཆོན་གྱིས་གྲོང་སྡེ་དང་དུད་ཚང་དུ་བསྐྱོད་ནས་གནས་ཚུལ་ཤེས་རྟོགས་ཐེངས་དང་པོ་བྱེད་སྐབས། གྲོང་མི་བཀྲ་ཤིས་ཀྱིས་ཁོ་ལ་རང་ཉིད་ཀྱི་སྡོད་ཁང་གསར་པ་ནང་ཆུ་འཁྲིད་ཐུབ་མེད་པ་ཞུས་པས། ལི་ཀྲང་ཆོན་གྱིས་གནས་ཚུལ་དེ་སེམས་ལ་བརྟན་པོར་ངེས་ཤིང་། ཕྱོགས་མང་པོ་ནས་འབྲེལ་བ་དང་ཐབས་ཤེས་འཚོལ་རོགས་བྱས་པ་བརྒྱུད་མཐར་བཀྲ་ཤིས་ཚང་གི་ཁྱིམ་དུ་ཆུ་འཁྲིད་ཐུབ་པར་མ་ཟད།ཨ་མདོ་གྲོང་སྡེའི་དུད་ཚང་ཚང་མར་ཆུ་མེད་པའི་གནད་དོན་ཐག་གཅོད་བྱས་པ་རེད། བཀྲ་ཤིས་ཀྱིས་སེམས་འགུལ་ཐེབས་པའི་ངང་ནས་ཧྲུའུ་ཅི་ལི་ནི་ཁ་བཤད་དོན་ལ་གནས་མཁན་གྱི་མི་བཟང་པོ་ཞིག་རེད་ཅེས་མཐེ་མོ་ཡང་ཡང་བསྒྲེངས།

ཧུར་བརྩོན་ཆེན་པོས་བོད་སྐད་ལ་སྦྱངས་པ་ལྷོད་མེད་བྱས་པ་དང་། རང་ཉིད་ཀྱི་ལག་ལེན་དངོས་དང་བསྟུན་ནས་མི་སེར་ཚོར་དངོས་གནས་དྲང་གནས་ཀྱི་དམངས་ཕན་གྱི་ལས་ཀ་ཡག་པོ་བསྒྲུབས་ཏེ་མི་རིགས་མཐུན་སྒྲིལ་གྱི་བྱ་བ་གཞི་རིམ་མང་ཚོགས་ནས་སྤེལ་བ་དང་ཕན་ཚུན་འབྲེལ་འདྲིས་ཀྱི་བརྩེ་བ་ཇེ་ཟབ་ནས་ཇེ་ཟབ་ཏུ་བཏང་ཡོད་ཅེས་ལི་ཀྲང་ཆོན་གྱིས་སྤོབས་པ་ཆེན་པོས་དེ་ལྟར་བཤད།

ལས་གཞིར་བརྟེན་ནས་འཛུགས་སྐྲུན་བྱས་པས་མཐུན་སྒྲིལ་མེ་ཏོག་ལ་བཀྲག་མདངས་འཚེར།།

གྲོང་མིའི་ཡོང་འབབ་དང་ཕྱུག་འགྱུར་ལས་དོན་ལ་དམིགས་ཏེ། ལི་ཀྲང་ཆོན་གྱིས་ཚད་གཞི་མཐོ་བའི་ཞིང་ས་ནས་འགོ་བཙུགས་ཏེ།2021ལོར་གྲོང་མིའི་སྣེ་ཁྲིད་ནས་ས་ཞིང་མུའུ420རྒྱུན་འཁོར་བྱས་ཤིང་། ཁེ་སྤོགས་སྒོར་ཁྲི15སྟེ་ཆ་སྙོམས་དུད་ཚང་རེར་སྒོར1600ལྷག་བགོས་པ་རེད། 2022ལོར་རྒྱུན་འཁོར་ས་ཞིང་མུའུ180གསབ་སྣོན་བྱས་ནས་གྲོང་མིའི་ཡོང་འབབ་མང་དུ་ཕྱིན་ཡོད་པ་རེད། གྲོང་མི་མེ་ཏོག་གིས་ས་རྒོད་ནོར་བུ་རུ་གྱུར་ནས་ལོ་རེར་ང་ཚོས་ས་ཞིང་རྒྱུན་འཁོར་བྱས་ནས་ཡོང་འབབ་བགོས་པར་མ་ཟད། ད་དུང་རང་ཁྱིམ་གྱི་སྒོ་ཁར་གླ་རྒྱག་ཆོག་གི་ཡོད་པས་དངོས་གནས་ཡག་པོ་འདུག་ཅེས་དགའ་སྤྲོའི་ངང་དེ་ལྟར་བཤད་པ་རེད། ཨ་མདོ་གྲོང་སྡེའི་ཐང་ཕྲོམ་གྱི་མྱུ་གུ་གསོ་བ་དང་དཔེ་སྟོན་འདེབས་འཛུགས་རྟེན་གཞིའི་འཛུགས་སྐྲུན་ལས་གཞིས་ཞིང་འབྲོག་པའི་ཡོང་འབབ་མང་དུ་ཕྱིན་ཡོད།

2022ལོའི་ཟླ་བ3པར་ཨ་མདོ་གྲོང་སྡེའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ལས་གཞི་འཛུགས་སྐྲུན་དངོས་སུ་བྱེད་འགོ་ཚུགས་པ་དང་། ལས་གཞི་འཛུགས་སྐྲུན་ལ་མ་འཇོག་བསྡོམས་འབོར་མི་དམངས་ཤོག་སྒོར་ཁྲི360ལ་ཟིན། ལས་གཞི་དེས་གོ་རིམ་བཞིན་མཛེས་སྡུག་ལྡན་པའི་གནས་སྡོད་ལ་འཚམ་པའི་མི་རིགས་གྲོང་ཚོ་བསྐྲུན་པའི་དམིགས་འབེན་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག། མི་རིགས་ཀྱི་ཁྱད་ཆོས་གཙོ་བོར་བྱེད་པ་དང་མི་རིགས་ཀྱི་གྲོང་ཚོ་གསར་པ། སྡོད་ཁང་གསར་པ་སོགས་རྨང་གཞི་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་ཡོད་ལ་མཛེས་སྡུག་ལྡན་པའི་གནས་སྡོད་ལ་འཚམ་པའི་མི་རིགས་ཀྱི་གྲོང་ཚོ་སྐས་རིམ་བཞིན་འཛུགས་སྐྲུན་བྱས་ཤིང་། གཙང་ཞིང་གྲལ་འགྲིག་པའི་སྒོ་ནས་འཐུང་ཆུ་ཉེན་མེད་དང་གློག་མཁོ་འདོན། འཕྲིན་གཏོང་། གྲོང་གསེབ་ཀྱི་གཞུང་ལམ་སྲ་འགྱུར། གྲོང་ཚོ་ལྗང་འགྱུར་མཛེས་བཟོ་སོགས་ཀྱི་འཛུགས་སྐྲུན་མགྱོགས་སུ་བཏང་། ཨ་མདོ་གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་གཞི་རྩའི་ཆ་ནས་འགན་ལེན་ཐུབ་པ་དང་། འཚོ་བའི་གད་སྙིགས་ཐག་གཅོད་མ་ལག་བརྒྱ་ཆ95ཡན་ཆད་ཁེབས་ཏེ་འཚོ་བའི་གད་སྙིགས་གཙང་སེལ་ཐུབ་པའི་ཐབས་ལམ་མངོན་འགྱུར་བྱུང་ཡོད།

གྲོང་མི་ཚེ་རིང་གིས་བཤད་རྒྱུར། ཧྲུའུ་ཅི་ལི་ལགས་ང་ཚོའི་སར་སླེབས་རྗེས། ཨ་མདོ་གྲོང་སྡེར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེ་སྔོན་གྱི་ས་ཁུག་དེ་ད་ལྟ་ཡངས་ཤིང་རྒྱ་ཆེ་བ་དང་ལུས་རྩལ་ཐང་ཆེན་གཙང་མ་ཞིག་ཏུ་གྱུར་ཡོད་ཅིང་། ཆུ་ཡུར་བཟོས་བས་ཆར་ཆུ་ཁང་པའི་ནང་དུ་མི་འབབ་བ་དང་། ཁ་དྲོ་ཁ་དྲོ……ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཁོར་ཡུག་གཙང་ཞིང་མཛེས་པ་ནི་ཡུལ་སྡེ་དར་སྤེལ་གཏོང་བའི་མེ་ལོང་ལྟ་བུ་ཡིན་པས། དཀའ་སྤྱད་དངོས་སྒྲུབ་ཀྱིས་འཕེལ་རྒྱས་དང་འཛུགས་སྐྲུན་བྱས་ཚེ་གཞི་ནས་མེ་ལོང་ནང་ནས་འཕེལ་རྒྱས་ཀྱི་རྣམ་པ་མངོན་གསལ་དོད་པོ་ཤར་ཐུབ་པ་དང་། རྔུལ་ཆུར་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་ལ་སྐུལ་འདེད་བཏང་སྟེ་ཨ་མདོ་གྲོང་སྡེར་གྲུབ་འབྲས་ཐོབ་ནས་གྲོང་མིའི་ཡོང་འབབ་མང་དུ་ཕྱིན་པ་དང་འཚོ་བའི་ཆ་རྐྱེན་ཇེ་ཡག་ཏུ་སོང་ཞིང་།མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཀྱང་ཁྲ་ལམ་མེར་བཞད་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:སྡེ་བ་འདིའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཐོག་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།