ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2023-09-11

ཉེ་ཆར། སྐབས་བཅུ་གཉིས་པའི་ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ནན་ཅིང་རྩིས་བཤེར་སློབ་ཆེན་གྱི་རྩིས་བཤེར་ཆེད་ལས་རབ་འབྱམས་པའི་རྒྱལ་སྤྱིའི་འཛིན་གྲྭའི་སློབ་མར་ཡིག་ལན་སྤྲིངས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། འབྲེལ་ཡོད་ལས་དོན་གྱི་སྙན་ཞུར་གསན་པ་དང་། 《དཀར་མཛེས་ཁུལ2022ལོའི་ཁུལ་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་སྒོ་གཞན་དག་སྐོར་གྱི་རྩིས་བཤེར་སྙན་ཞུ》དང《དུས་རབས་གསར་པའི་རྩིས་བཤེར་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་བའི་བྱ་ཐབས་འགའི་སྐོར་གྱི་འགན་འཁྲིའི་ལས་བགོས་ཇུས་གཞི》སོགས་ཀྱི་ཡིག་ཆར་རྩིས་བཤེར་བྱས་པ་དང་། ཕྱིན་ཆད་ཀྱི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། ཁུལ་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་འགན་འཁྲི་གཙོ་བོ་གཅིག་སྡུད་བྱས་ནས་ལྟ་སྐུལ་གྱི་ལས་ཕྱོད་ཆེ་རུ་གཏང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱ་དགོས་པ་དང་། གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་མཐའ་གཅིག་ཏུ་གཏང་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱ་དགོས། རྩིས་བཤེར་རང་ངོས་འཛུགས་སྐྱོང་ལ་ཤུགས་རྒྱག་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།། 


  • ལེ་ཚན་སྔོན་མ།: ཞི་ཅིན་ཕིང་གིས་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སི་པོ་ལི་ཡ་ལི་ཚི་དང་མཇལ་འཛོམས་གནང་།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་གནོད་རྗེས་བསྐྱར་སྐྲུན་ལས་ཀར་བརྟག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།