ཧྲེན་དབྱང་གིས་གསེར་རྟ་རྫོང་གི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་ནན་གསུང་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2023-09-13

ཧྲེན་དབྱང་གིས་གསེར་རྟ་རྫོང་གི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་ནན་གསུང་གནང་།

སྤྱི་ཟླ9པའི་ཚེས6ནས7ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གསེར་རྟ་རྫོང་དུ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་ཏུ་གཏོང་བ་དང་ཡུལ་སྡེ་དར་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། བརྟན་རླིང་སྲུང་སྐྱོང་། དགོན་སྡེའི་དོ་དམ། མི་རིགས་མཐུན་སྒྲིལ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་ནས་འབྱུང་འགྱུར་འཕེལ་རྒྱས་ཀྱི་གཙོ་གནད་དང་ལས་ཀའི་བྱ་ཐབས་ལ་ཐུན་མོང་ཐོག་ཞིབ་འཇུག་བྱས་པ་རེད། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱ་དགོས་པ་དང་། ཞིང་ཆེན་ཏང་ཨུའི“ཅན་བཞི་མཉམ་བགྲོད”དང“གྲོང་ཡུལ་མཉམ་འདྲེས”“ཁུལ་ལྔ་མཉམ་དར”བཅས་ཀྱི་གོང་སྤེལ་འཐབ་ཇུས་དང་ཁུལ་ཨུའི་སྤྱིའི་ལས་ཀའི་རྣམ་པ་ལ་དམིགས་ནས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཐད་བརྟན་ཤུགས་རྒྱུན་འཁྱོངས་དང་བརྟན་རླིང་ཐད་ཤུགས་སྣོན། འཕེལ་རྒྱས་ཐད་གནད་སྨིན་ཤུགས་འདོན། སྐྱེ་ཁམས་ཐད་རྒྱུན་མཐུད་ངང་འབད་བརྩོན། དམངས་འཚོའི་ཐད་རྒྱུན་ཆད་མེད་པར་ཤུགས་རྒྱག་པ། རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རིག་གནས་མ་ལག་ནང་མཉམ་འདྲེས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གསེར་རྟའི་ལེའུ་ཡག་པོ་བརྩམ་དགོས་ཞེས་ནན་གསུང་གནང་བ་རེད།

ཧྲེན་དབྱང་གིས་ནན་གསུང་གནང་དོན། དུས་རབས་ཀྱི་བླང་བྱ་ཁོང་དུ་ཆུད་པ་བྱས་ནས་བརྟན་རླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་ལས་དོན་ཆེན་པོ་བཞི་ཡག་པོ་སྒྲུབ་དགོས། གཅིག་ནས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་རླིང་ལ་སྲུང་སྐྱོང་བྱ་དགོས་པ་དང་།གཉིས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་མངོན་འགྱུར་ཡོང་བར་འབད་བརྩོན་བྱ་དགོས། གསུམ་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་ཤུགས་རྒྱག་དགོས། བཞི་ནས་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་ཏན་ཏིག་རྒྱག་དགོས།

ཧྲེན་དབྱང་གིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་ལས་འགན་གསར་པ། འགྲན་སློང་གསར་པ་བཅས་དང་འཕྲད་པའི་སྐབས་སུ་རྒྱ་ཆེ་བའི་ལས་བྱེད་པས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། གོམ་པ་རེ་རེས་རྐང་རྗེས་རེ་རེ་བཞག་ནས་གསེར་རྟའི་བྱ་གཞག་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་སྟེ། བློ་དཀར་བ་དང་འགན་འཁུར་ཕོད་པ། ལེགས་སྐྱེས་འབུལ་འདོད་པ། བློ་རིག་མངོན་པ། སྤྱོད་པ་གཙང་བ་བཅས་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

  • ལེ་ཚན་སྔོན་མ།:སང་ཉིན་ནས་རང་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་སྤེལ་རྒྱུ་རེད།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གི་ལ་ཕུག་ཐོན་ལེགས་བྱུང་།
  • དོ་སྣང་ཆེ་བའི་རྩོམ།