ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༣༣༽

སྐལ་ཐུབ་ཀྱིས་བསྒྱུར།        2023-09-14

      ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༣༣༽

    དངོས་མང་བཤམ་སྟོན་ཁང་དུ་རིག་དངོས་རྩ་ཆེན་དང་ལྷག་པར་རྒྱལ་ནོར་མང་པོ་ཡོད། དེ་དག་གིས་རང་རྒྱལ་ས་ཡ་གཅིག་གི་འགྲོ་བ་མིའི་ལོ་རྒྱུས་དང་། ལོ་ཁྲིའི་རིག་གནས་ལོ་རྒྱུས། ལོ་ལྔ་སྟོང་ལྷག་གི་ཤེས་དཔལ་ལོ་རྒྱུས་ཀྱི་དངོས་དཔང་བྱས་ཡོད། ཀྲུང་ཧྭའི་ཤེས་དཔལ་གྱི་ཁུངས་འཚོལ་བའི་འདུ་འགོད་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་གོའི་ཤེས་དཔལ་ལོ་རྒྱུས་གཏིང་ཟབ་ཕྱོགས་སུ་འཁྲིད་དགོས། སྲུང་སྐྱོང་ཨང་དང་པོ་དང་། དོ་དམ་ལ་ཤུགས་སྣོན། རིན་ཐང་སྔོག་པ། བེད་སྤྱོད་ཕན་འབྲས་ཡོད་པ། རིག་དངོས་གསོན་པོར་ཡོང་བ་རྒྱུན་འཁྱོངས་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་ལས་དོན་བླང་བྱ་ལག་ལེན་ནན་ཏིག་བསྟར་ནས། རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་བརྒྱུད་འཛིན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་དགོས།


                                                                   ཞི་ཅིན་ཕིང་གི2023ལོའི་ཟླ་བ5པའི་ཚེས16ཉིན་ལ་ཧྲཱན་ཞི་ཡུན་ཁྲེང་གི་དངོས་མང་བཤམ་སྟོན་ཁང་དུ་རྟོག་ཞིབ་གནང་དུས་ཀྱི་གསུང་བཤད། 



  • ལེ་ཚན་སྔོན་མ།:ཁུལ་བོད་སྨན་ཁང་གིས་ལི་ཐང་དུ་བརྟག་བཅོས་བྱ་སྤྱོད་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།