ཁུལ་བོད་སྨན་ཁང་གིས་ལི་ཐང་དུ་བརྟག་བཅོས་བྱ་སྤྱོད་སྤེལ།

སྐལ་ཐུབ་ཀྱིས་བསྒྱུར།        2023-09-14

 ཁུལ་བོད་སྨན་ཁང་གིས་ལི་ཐང་དུ་བརྟག་བཅོས་བྱ་སྤྱོད་སྤེལ།

   ཉེ་ཆར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་ལུགས་གསོ་རིག་སྨན་ཁང་གིས་ལི་ཐང་རྫོང་བོད་ལུགས་གསོ་རིག་སྨན་ཁང་དང་མཉམ་འབྲེལ་བྱས་ནས་ལི་ཐང་རྫོང་དགེ་བསྙེན་གྲོང་རྡལ་དུ་རྒྱ་བོད་ལུགས་གསོ་རིག་སྨན་བཅོས་ཞབས་ཞུ་མང་པོ་སྤེལ་ཏེ། ཡུལ་མི་ཚོར་སྒོ་ཁ་ནས་སྨན་བཅོས་དང་བདེ་ཐང་མཛུབ་ཁྲིད་ཐོབ་ཏུ་བཅུག་པ་རེད།

ཁུལ་བོད་སྨན་ཁང་གིས་ལི་ཐང་དུ་བརྟག་བཅོས་བྱ་སྤྱོད་སྤེལ།

    འོས་འགན་སྨན་བཅོས་ཉིན་མོའི་སྔ་དྲོར་བོད་སྨན་ཁང་གི་ཆེད་རམས་པ་ཚོ་དགེ་བསྙེན་གྲོང་རྡལ་ལས་བྱེད་པའི་འཁོར་རྒྱུག་ཁང་པའི་ར་བར་གནས་སྐབས་བརྟག་བཅོས་བྱེད་ས་བཟོས་ནས་ཡུལ་མི་ཚོར་ནད་བརྟག་སྨན་བཅོས་བྱེད་འགོ་བཙུགས། ཡུལ་དངོས་སུ་སྨན་པ་ལ་ལས་ངང་རྒྱུད་རིང་པོས་རྩ་བརྟག་ཆུ་བརྟག་བྱེད་བཞིན་ཡོད་ལ། འགའ་ཞིག་གིས་དེང་རབས་ནད་བརྟག་འཕྲུལ་ཆས་སྤྱད་དེ་ནད་བརྟག་བཞིན་ཡོད་པ་དང་། ཁ་ཤས་ཀྱིས་ནད་རིགས་འགོག་ཟོན་ཤེས་བྱ་དང་བདེ་ཐང་ཁམས་སྲུང་བྱེད་སྟངས་འཆད་བཞིན་ཡོད་ཅིང་། རེ་འགའ་ཡིས་གཙག་ཁབ་དང་མེ་སྦུག་རྒྱག་བཞིན་འདུག། ཚང་མས་དུས་ཚོད་དམ་འཛིན་བྱེད་གང་ཐུབ་ཀྱིས་དེར་འཛོམས་ཡུལ་མི་ཚང་མའི་ནད་ལྟའི་རེ་འདུན་སྐོང་གང་ཐུབ་བྱས་པ་རེད།

ཁུལ་བོད་སྨན་ཁང་གིས་ལི་ཐང་དུ་བརྟག་བཅོས་བྱ་སྤྱོད་སྤེལ།

    ཡུལ་མི་བཀྲ་ཤིས་ཚེ་རིང་གིས་དེ་རིང་སྨན་པ་ཚོ་ང་ཚོའི་སྒོ་ཁར་སླེབས་བྱུང་། རིན་པ་མི་དགོས་པ་ཚང་མ་ལ་ནད་བརྟག་སྨན་བཅོས་བྱས་བྱུང་། ལྷག་པར་ང་རང་ལ་རྩ་དཀར་གྱི་ནད་ཡོད། སྨན་པས་གཙག་ཁབ་དང་མེ་སྦུག་བརྒྱབ་ནས་ད་ལྟ་ངའི་གཟེར་ཟུག་ཡང་མོར་སོང་འདུག་ཅེས་དགའ་སྤྲོའི་ངང་དེ་ལྟར་བཤད།

     ང་རང་ལ་སྐེད་ཚིགས་འབུར་བའི་ནད་ཡོད། ཁུལ་བོད་སྨན་ཁང་གི་སྨན་པས་འོད་འཕྲུལ་གྱིས་ང་ལ་བརྟག་དཔྱད་བྱས་ནས་སྨན་བཅོས་བསམ་འཆར་བཤད་བྱུང་། གཞི་རིམ་དུ་འོས་འགན་སྨན་བཅོས་ཞབས་ཞུ་འདི་འདྲ་སྤེལ་བའི་ཕན་ཡོན་གཅིག་ནི་ང་ཚོ་མི་སེར་ཚོར་རང་གི་སྒོ་ཁ་ནས་བརྟག་བཅོས་ཡག་པོ་ཐོབ་པ་དང་། གཉིས་ནི་ཕར་འགྲོ་ཚུར་འོང་གི་འགྲོ་སོང་བསྲི་ཐུབ་ལ་བརྡབ་གསིག་ཀྱང་མི་ཕོག་པ་རེད། སྨན་པ་ཚང་མ་ལ་བཀའ་དྲིན་ཆེ་ཞུ་ཞེས་ཡུལ་མི་ཨ་རྡོར་གྱིས་དེ་ལྟར་བཤད།

ཁུལ་བོད་སྨན་ཁང་གིས་ལི་ཐང་དུ་བརྟག་བཅོས་བྱ་སྤྱོད་སྤེལ།

     ཐེངས་འདིའི་འོས་འགན་བརྟག་བཅོས་ཁྲོད་དུ་དགེ་བསྙེན་གྲོང་རྡལ་གྱི་ནད་པ80ལྷག་ལ་བརྟག་བཅོས་བྱས་ཡོད། བརྟག་བཅོས་བྱ་སྤྱོད་སྤེལ་བར་བརྒྱུད་དེ་སྨན་བཅོས་ཐོན་ཁུངས་གཞི་རིམ་ལ་ཕྱོགས་པ་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྨན་བཅོས་དང་འབྲེལ་བའི་ཐོབ་སྣང་དང་སྐྱིད་སྣང་ཡང་ཆེ་རུ་ཕྱིན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཉག་ཆུ་རྫོང་གིས་ཤ་མོའི་རྟེན་གཞི་འཛུགས་སྐྲུན་བྱས་ནས་མང་ཚོགས་ཕྱུག་འགྱུར་གྱི་ཐབས་ལམ་བཏོད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༣༣༽
  • དོ་སྣང་ཆེ་བའི་རྩོམ།