ཁུལ་ཨུའི་གཙོ་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས།

སྐལ་ཐུབ་ཀྱིས་བསྒྱུར།        2023-09-18

  ཁུལ་ཨུའི་གཙོ་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས།

    སྤྱི་ཟླ9ཚེས13ཉིན་ལ་ཁུལ་ཨུའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་གཙོ་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས། ཀྲུང་དབྱང་དང་སི་ཁྲོན་ཞིང་ཆེན་གྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་གཙོ་དོན་སློབ་གསོ་ཁག་དང་པོའི་ཕྱོགས་བསྡོམས་དང་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་རང་ཁུལ་གྱི་གཙོ་དོན་སློབ་གསོ་ཁག་གཉིས་པའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། མགོ་ཁྲིད་ཚན་ཆུང་གི་འགོ་གཙོ་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། 

      ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། མགོ་ཁྲིད་ཚན་ཆུང་གི་འགོ་གཙོ་གཞོན་པ་ཏེང་ལི་ཅུན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། མགོ་ཁྲིད་ཚན་ཆུང་གི་འགོ་གཙོ་གཞོན་པ་ཀྲང་ཐུང་རུང་སོགས་ཚོགས་འདུར་ཞུགས་པ་རེད། 

ཚོགས་འདུར་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་གཙོ་དོན་སློབ་གསོ་མཐར་ཕྱིན་སྤེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ངོ་མས་ཇུས་འགོད་བཀོད་སྒྲིག་དང་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་བསམ་བློ་གཅིག་གྱུར་དང་། ཆབ་སྲིད་ཀྱི་ཚུགས་གནས་སྤར་ཏེ། གཙོ་དོན་སློབ་གསོ་སྤེལ་བའི་ཆབ་སྲིད་ཀྱི་དོན་སྙིང་དང་ལག་ལེན་གྱི་དོན་སྙིང་ལ་ངོས་འཛིན་མཐར་ཕྱིན་པ་བྱེད་ཅིང་། གཙོ་དོན་སློབ་གསོ་ཁག་གཉིས་པ་སྤེལ་བའི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་ཁོང་དུ་ཆུད་པ་བྱས་ནས། རིགས་གཞུང་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག། འཕེལ་རྒྱས་ལ་སྐུལ་བ། ཞིབ་བཤེར་དག་ཐེར་བཅོས་སྐྱོང་། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་སོགས་ཀྱི་ལས་དོན་ལ་གཞི་གཅིག་ཏུ་བསྐུལ་ཏེ། དངོས་ཡོད་ཀྱི་ཕན་འབྲས་དེགཏན་འཁེལ་གཉིསལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དངསྲུང་སྐྱོང་གཉིསབྱེད་ཐུབ་པའི་ཆབ་སྲིད་ཀྱི་ཞིབ་བཤེར་གལ་ཆེན་དུ་བརྩི་དགོས།

        ཚོགས་འདུར་བླང་བྱ་བསྟན་དོན། སྤྱི་འདོམས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏང་དགོས་ཤིང་། མགོ་ཁྲིད་ཚན་ཆུང་གིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་དང་། འཆར་འགོད་ཞིབ་ཕྲ། སྒྲིག་འཛུགས་ཞིབ་ཚགས་བཅས་བྱ་དགོས་པ་དང་། མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལ་ཕྱོགས་ཡོངས་ནས་དམིགས་བསྡུར་དང་དཀར་མཛེས་ཁུལ་གྱི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ། བྱེད་ཐབས་ཞིབ་ཕྲ་རྒྱུན་མི་ཆད་པར་འཐུས་ཚང་དུ་གཏོང་ཞིང་དོན་ལ་འཁྱོལ་བར་ལྟ་སྐུལ་ཡག་པོ་བྱ་དགོས། རིགས་དབྱེ་ཁྲིད་སྟོན་ལ་དོ་སྣང་བྱ་དགོས་ཤིང་། དོན་དངོས་དང་བསྟུན་པ་རྒྱུན་འཁྱོངས་ཏེ་གཙོ་དོན་སློབ་གསོའི་དམིགས་ས་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏང་དགོས། སྙན་སེང་འབྲེལ་གཏུག་ཡག་པོ་བྱ་དགོས་ཤིང་། ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལ་ལས་དོན་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་རང་ཁུལ་གྱི་གཙོ་དོན་སློབ་གསོ་བླང་བྱ་དང་འཚམ་ཞིང་སྔོན་དཔག་ཐུབ་པའི་འགན་ལེན་བྱ་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་དོན་སློབ་གསོ་བདེ་བླག་ངང་སྤེལ་བར་གླེང་ཕྱོགས་ཀྱི་སྣང་ཉམས་བཟང་པོ་བསྐྲུན་དགོས། 

        ཚོགས་འདུར་ནན་བཤད་བྱས་དོན། ལས་ཀའི་གོམ་སྟབས་སྟངས་འཛིན་དང་། དུས་ཚོད་ཀྱི་བར་ཚིགས་ལ་དམ་དུ་དམིགས་ཤིང་། ཚད་གཞི་མཐོན་པོའི་སྒོ་ནས་གཏན་འབེབས་བྱ་སྤྱོད་དོན་འཁྱོལ་བྱས་ཏེ་གཙོ་དོན་སློབ་གསོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱ་དགོས། བརྟག་དཔྱད་ཞིབ་འཇུག་མཐར་ཕྱིན་བྱེད་ཅིང་། གནད་དོན་དང་དམིགས་འབེན་གྱིས་ཁྲིད་ཕྱོགས་བྱ་རྒྱུ་རྒྱུན་འཁྱོངས་ནས་རིམ་ཁག་མགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་སོང་ནས་ དངོས་ཡོད་གནས་ཚུལ་རྟོག་ཞིབ་དང་། བྱེད་ཐབས་དོན་ལ་གནས་པ་འདོན་པ། དོན་དངོས་སྒྲུབ་པ་བཅས་ལ་བསྐུལ་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་ལ་དམ་འཛིན་ཡག་པོ་བྱས་ནས། གཙོ་དོན་སློབ་གསོ་སྤེལ་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་གཟིགས་ཞིབ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། དཀར་མཛེས་ཁུལ་གྱི་བརྟན་ལྷིང་དང་། འཕེལ་རྒྱས་། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཞིང་ཆེན་ཏང་ཨུའིཅན་བཞི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དརགྱི་འཕེལ་རྒྱས་འཐབ་ཇུས་དང་ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་དོན་ལ་འཁྱོལ་བར་དམིགས་ཏེ། མཐུན་སྒྲིལ་དང། ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཁྱོན་ཡོངས་ནས་སྐྲུན་ཆེད་བྱས་རྗེས་གསར་པ་དེ་བས་ཆེ་བ་འབུལ་དགོས། 

          ཚོགས་འདུརཁུལ་དང་རྫོངགྲོང་ཁྱེརགི་མགོ་ཁྲིད་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་གཙོ་དོན་སློབ་གསོའི་ལས་དོན་འཆར་གཞིདང་།གཞི་རིམ་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་གཙོ་དོན་སློབ་གསོའི་ལས་དོན་འཆར་གཞི》《ཁུལ་ཨུའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་མགོ་ཁྲིད་ཚན་ཆུང་གི་ལས་ཀའི་སྒྲིག་སྲོལ ཁུལ་ཨུའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལེན་བསྟར་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་དེའི་ལས་དོན་སྒྲིག་གཞི་འཛུགས་པའི་འཆར་གཞིསོགས་ཡིག་ཆ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།  

         མགོ་ཁྲིད་ཚན་ཆུང་གི་འགོ་གཙོ་གཞོན་པ་དང་ཁོངས་མི། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ་རེད།། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༣༣༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།