འུ་ཅག་འབྲི་ཀློག་ལ་དགའ་དགོས།

ཁྲག་གདོང་།        2022-11-10

བྱིས་དུས་སུ་དྲན་སྣང་ལས།

དཔེ་དེབ་བཀླགས་པ་ནི་དཀའ་ངལ་

ཞིག་ལས་ཅི་ཡང་བྲལ།

ཡིན་ནའང་།

དཔེ་དེབ་གསར་བ་དག་ལ་ཤིན་

ཏུ་དགའ་མྱོང་།

སྐབས་དེར།

སྣང་ཚུལ་མི་འདྲ་མི་གཅིག་ལས།

ནང་སེམས་ལ་ཡིད་འོང་གི་གབ་ཚིག་

དང་ལེགས་བཤད་སོགས།

ད་དུང་ཡང་བརྗེད་མེད་པ་

ཤིན་ཏུ་མང་ཨང་།

ནར་སོན་པའི་གོ་རིམས་ནི།

དཔེ་དེབ་ལ་ཉར་ཚགས་བྱེད་བཞིན།

ཚིག་གི་རྗེས་སུ་དོན་ཞིག་ཨེ་ལོན་

སྙམ་པའི་རེ་བ་ཟབ།

དཔེ་ཆ་ཀློག་པ་ལ་དགའ་ཞིང་།

ཡི་གེ་འབྲི་ལའང་ཅིས་ཀྱང་དོ་སྣང་བྱེད་ཐུབ་

པའི་ཉིན་མོ་དེས།

ཁྱེད་ལ་འཇིག་རྟེན་གྱི་ཁ་ཕྱོགས་གསར་བ་

ཞིག་གམ།

འཇིན་རྟེན་ལས་འདས་པའི་ཐ་སྙད་དག་

དང་ཉེ་བར་བྱེད་བཞིན་ཡོད།

དེ་བས་འབྲི་ཀློག་གཉིས་ལ་རྟག་ཏུ་འབད་

འབུངས་བྱེད་འོས་སོ།།



  • ལེ་ཚན་སྔོན་མ།:རང་ལ་གདམས་པའི་དོ་ཧ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།