དཔྱིད་དཔལ།

དབྱུག་སྲས།        2022-05-20

དགུན་གཞུང་གི་ཆབ་རོམ་རིམ་གྱིས་བཞུར་ཏེ།

ཁུ་བྱུག་གསུང་སྙན་རྣ་བའི་བུ་གར་སིམ།

གསོན་ཤུགས་རྒྱས་པའི་ཁམ་བུའི་མེ་ཏོག་རེ་རེ།

སྡོང་པོའི་རྩེ་ལ་བཏགས་ཏེ།

དཔྱིད་དཔལ་གྱི་མགུལ་དུ་བཞེས།

དཔྱིད་དཔལ་ཡཱ།

བདེ་སྐྱིད་ཀྱི་འཕེལ་ཁ་རྒྱས་པའི་དཔྱིད་དཔལ།

ནད་ཡམས་ལ་རྡོག་རོལ་བཏང་སྟེ།

མུ་མེད་ཀྱི་རྒྱ་མཚོའི་མཐའ་ལ་བསྐྲད།

དཔྱིད་དཔལ།

ཡིད་ཆེས་དང་རེ་བས་ཁེངས་པའི་དཔྱིད་དཔལ།

ས་གཞི་མཐའ་དག་གིས་སྔོ་ལྗང་ན་བཟའ་གྱོན་ཏེ།

ལོ་ལེགས་དང་། ཆར་ཆུ་མོད་པའི་གྲབས་གཤོམ་བྱེད།



  • ལེ་ཚན་སྔོན་མ།:རེ་བའི་ཕུགས་འདུན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།