སེར་ཤུལ་རྫོང་གིས་ཁྲིམས་སྐྱོང་སྐོར་གྱི་སྒྲོག་འགྲེལ་བྱས།

    སེར་ཤུལ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས།    2022-05-19

   སེར་ཤུལ་རྫོང་གིས་ཁྲིམས་སྐྱོང་སྐོར་གྱི་སྒྲོག་འགྲེལ་བྱས།
 སྤྱི་ཟླ5པའི་ཚེས2ནས11ཉིན་བར། སེར་ཤུལ་རྫོང་ཁྲིམས་ཁང་གིས་སྣེ་ཁྲིད་ནས་རྫོང་སྲིད་ཁྲིམས་ཨུ་ལྷན་དང་ཁྲིམས་འཛིན་ཅུས། འཕྲོད་བསྟེན་ཅུས། རིག་སློབ་ཅུས། ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས། བུད་མེད་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོགས། མི་དམངས་ཁྲིམས་ཁང་སོགས་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣ་ལས་གྲུབ་པའི་སྒྲོག་འགྲེལ་ཚོ་ཆུང་བཙུགས་ནས་རྫ་སྟོད་གྱི་ཡུལ་ཤོག་དང་གྲོང་རྡལ་ཁག་ལ་ཁྲིམས་ལུགས་ཁྱབ་གདལ་དང་སྒྲོག་འགྲེལ་བྱས། འགལ་ཟླ་དང་གྱོད་དོན་ཐག་གཅོད། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དོགས་གཞིར་ལན་འདེབས་པ་དང་། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོའི་ལས་དོན་སྡུད་སྒྲུག་བྱས་ནས་ཡུལ་དངོས་ཀྱི་གནད་དོན་ལ་བརྟག་དཔྱད་བྱས།

  སེར་ཤུལ་རྫོང་གིས་ཁྲིམས་སྐྱོང་སྐོར་གྱི་སྒྲོག་འགྲེལ་བྱས།

    སྒྲོག་འགྲེལ་ཚོ་ཆུང་གི་སྒྲོག་འགྲེལ་པ་ཚོས་གོ་བདེ་ཤེས་སླའི་ས་གནས་དེ་གའི་ཡུལ་སྐད་ཀྱི་སྒོ་ནས་སྒྲོག་འགྲེལ་བྱས་ཤིང་། འབྲོག་པ་མང་ཚོགས་ལ་འོས་འགན་སློབ་གསོ་དང་། འཆར་ལྡན་བུ་བཙའ། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས། ཡིག་བསྐུར་ངོ་བཅར་སྲོལ་ཡིག་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་བརྒྱབ་ནས་འབྲོག་པ་མང་ཚོགས་ཀྱིས་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་།

  སེར་ཤུལ་རྫོང་གིས་ཁྲིམས་སྐྱོང་སྐོར་གྱི་སྒྲོག་འགྲེལ་བྱས།

     རྫོང་ཁྲིམས་ཁང་གིས“གོམ་སྟབས་ལྔའི”ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་བློ་གཅིག་སེམས་གཅིག་ངང་མི་དམངས་མང་ཚོགས་ཀྱི་སེམས་ཁྲལ་གནད་དོན་ཐག་གཅོད་བྱས་ནས་འགལ་ཟླ་དང་རྩོད་གཞི་འབྱུང་མ་ཐག་ནས་སེལ་བ་དང་། མི་དམངས་མང་ཚོགས་ལ་བདེ་སྐྱིད་དང་འཆམ་མཐུན། བདེ་འཇགས་བཅས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པ་རེད།

སེར་ཤུལ་རྫོང་གིས་ཁྲིམས་སྐྱོང་སྐོར་གྱི་སྒྲོག་འགྲེལ་བྱས།


  • ལེ་ཚན་སྔོན་མ།:རང་ཁུལ་ནི་ཞིང་ཆེན་ནང་ཁུལ་དུ་གན་རྒྱ་ཐོག་མར་བཞག་པའི་ཁུལ་དང་གྲོང་ཁྱེར་ལ་གྱུར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།