ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་ལམ་ཐིག་གསར་པ་སྤྱི་ལེ་581ཤར་གཏོང་ཐུབ་པ།

    མི་དམངས་དྲ་བ།    2022-05-19

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། འདི་ལོ་ཤར་ཚུན། ལྕགས་ལམ་འཛུགས་སྐྲུན་ལས་དོན་ལ་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་བརྟན་པོ་ཐུབ་པར་ཞབས་འདེགས་ཧུར་ཐག་ཞུས་ཡོད། ཟླ་དང་པོ་ནས་བཞི་པའི་བར། རྒྱལ་ཡོངས་ལྕཌ་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1574.6བཏང་བ་དེ་དུས་མཚུངས་ལས་0.6%འཕར་བ་དང་། ལམ་ཐིག་གསར་པ་སྤྱི་ལེ་581བསྐྲུན་པའི་ནང་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་358ཟིན་ཡོད་པ་རེད།
   འདི་ལོ་ནས་བཟུང་། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་ཞན་ཆ་སེལ་བ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། ལེ་ལག་ཚང་སྒྲིག་ལ་མཐོང་ཆེན་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། “ཤར་གཏོང་ཐུབ་རྒྱུ་འགན་ལེན་དང་། འཛུགས་སྐྲུན་བྱེད་བཞིན་པ་འགན་ལེན། ལས་འགོ་འཛུགས་པའི་འགན་ལེན”བཅས་ཀྱི་གོ་རིམ་ལྟར་ལུགས་མཐུན་བཀོད་གཏོང་དང་འཛུཌ་སྐྲུན་གྱི་ཐོན་ཁུངས་བཀོད་སྒྲིག་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཨར་ལས་སྒྲིག་འཛུགས་སྤྱི་འདོམས་བྱེད་པ། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པ་དང་བདེ་འཇགས་སྤུས་ལེགས་ཀྱི་སྒོ་ནས་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“བརྟན་པོ་དྲུག”དང“འགན་ལེན་དྲུག”ལ་ཞབས་འདེགས་ཞུ་བ་དང་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་བརྟན་པོ་ཡོང་བར་ལྕགས་ལམ་གྱི་ལེགས་སྐྱེས་ཕུལ་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་ལ་རིག་དངོས་སྲུང་སྐྱོང་ཐད་ཀྱི་ཐུགས་དགོངས་འདི་འདྲ་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།