མི་དམངས་དྲ་བ། 2022-05-17
རྒྱལ་ཡོངས་མཐོ་རྒྱུགས་ཀྱི་དུས་ཚོད་སླེབས་ཉེ་བ་དང་། མཐོ་རྒྱུགས་སློབ་བསྡུའི་གསར་སྣོན་ཆེད་ལས་ཀྱི་འབྲེལ་ཡོད་ཆ་འཕྲིན་ལ་དོ་ཁུར་ཆེན་པོ་བྱུང་།
ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོར་གསར་སྣོན་བྱེད་པའི་དངོས་གཞིའི་ཆེད་ལས31ནི་དཔལ་འབྱོར་རིག་པ་དང་། ཁྲིམས་ལུགས་རིག་པ། སློབ་གསོ་རིག་པ། ལོ་རྒྱུས་རིག་པ། རང་བྱུང་ཚན་རིག བཟོ་རིག། ཞིང་ལས་རིག་པ། དོ་དམ་རིག་པ། སྒྱུ་རྩལ་རིག་པ་བཅས་རིག་ཚན་ཆེ་གྲས་དགུ་ལ་ཁྱབ་ཡོད་པ་རེད། མཐོ་སློབ38ལ་ཆེད་ལས་གསར་སྣོན་གྱི་ཞིབ་མཆན་ཐོབ་ཡོད། དེའི་ནང་བཟོ་རིག་པའི་རིགས་ལ་ཆེད་ལས14བསྣན་ཡོད་པས་བསྡུར་ཚད་མཐོ་ཤོས་ཟིན་པ་དང་། དེ་ནས་སྒྱུ་རྩལ་རིག་པ་དང་ཞིང་ལས་རིག་པ་ཡིན་པ་རེད།
གསར་སྣོན་བྱེད་པའི་དངོས་གཞིའི་ཆེད་ལས31ནང་། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་དུ་གསར་སྣོན་བྱེད་པའི་རིག་ནུས་སྐྱེལ་འདྲེན་བཟོ་སྐྲུན་ཆེད་ལས་དང་། ཧའར་པིན་བཟོ་སྐྲུན་སློབ་ཆེན་དུ་གསར་སྣོན་བྱེད་པའི་རིག་ལྡན་རྒྱ་མཚོའི་ལག་རྩལ་ཆེད་ལས། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་དུ་གསར་སྣོན་བྱེད་པའི་རིག་ལྡན་ནགས་ལས་དང་རིག་ལྡན་ཆུ་བེད་ཆེད་ལས་བཅས་ནི་རྒྱལ་ཡོངས་ཀྱི་མཐོ་སློབ་ཏུ་ཐོག་མར་བཙུགས་པའི་ཆེད་ལས་རེད།
ཟླ5ཚེས7ཉིན་སློབ་གསོ་པུའི་དྲྭ་ཚུགས་ཐོག《2022ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་ཀྱི་སྔོན་མངགས་དང་གནས་གཏན་འཁེལ་གྱི་སློབ་ཡོན་མི་དགོས་པའི་དངོས་གཞིའི་གསོ་རིག་སློབ་མ་སློབ་བསྡུའི་གསོ་སྦྱོང་ལས་དོན་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་སློབ་གསོ་པུའི་གཞུང་ལས་ཐིང་གི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་རེད།
བརྡ་ཐོའི་ནང་བསྟན་དོན། 2022ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་མཐོ་རིམ་གསོ་རིག་སློབ་གྲྭར་རྒྱབ་སྐྱོར་བྱས་ནས། དབུས་ནུབ་རྒྱུད་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་ལ་སྔོན་མངགས་དང་གནས་གཏན་འཁེལ་གྱི་སློབ་ཡོན་མི་དགོས་པའི་ལམ་ལུགས་ཀྱི་དངོས་གཞིའི་གསོ་རིག་སློབ་མ་ཁྱོན5918གསོ་སྐྱོང་བྱ་རྒྱུ་དང་། ཆེད་ལས་ནང་ནད་ཐོག་གསོ་རིག་དང་། ཀྲུང་ལུགས་གསོ་རིག སོག་ལུགས་གསོ་རིག་བཅས་ཚུད་ཡོད།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། སློབ་ཡོན་མི་དགོས་པའི་གནས་གཏན་འཁེལ་གྱི་དངོས་གཞིའི་གསོ་རིག་སློབ་མ་བསྡུས་རྗེས། སློབ་ཞུགས་ཀྱི་བརྡ་ཐོ་མ་འབྱོར་གོང་ངེས་པར་དུ་གསོ་སྦྱོང་མཐོ་སློབ་དང་གནས་གཏན་འཁེལ་གྱི་ལས་ཞུགས་བྱ་ཡུལ་གྱི་རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་བར་གནས་གཏན་འཁེལ་གྱི་གསོ་སྦྱོང་དང་ལས་ཞུགས་གྲོས་མཐུན་འཇོག་དགོས། སློབ་ཡོན་མི་དགོས་པའི་གནས་གཏན་འཁེལ་གྱི་དངོས་གཞིའི་གསོ་རིག་སློབ་མ་ནི་གྲོང་གསེབ་ཀྱི་སློབ་མ་ཁོ་ན་བསྡུ་རྒྱུ་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10