སྐབས26པའི“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས” ཀྱི་དཔྱད་འདེམས་ཡོངས་བསྒྲགས་བྱས་པ།

    མི་དམངས་དྲ་བ་ནས་དྲངས།    2022-05-09

     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ5པའི་ཚེས3ཉིན་གློག་འཕྲིན་འབྱོར་བར་གཞིགས་ན། གུང་གཞོན་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་ཉེའི་མཚམས་སུ་གཞོན་ནུའི་དཔེ་མཚོན་དཔེ་བཟང་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱ་ཆེའི་གཞོན་ནུ་ལོ་ཆུང་གིས་འབད་འབུངས་ཡར་བརྩོན་དང་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་ལྕག་གཏོང་བ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་ཞུ་བ་བཅས་བྱ་ཆེད། གུང་གཞོན་ཚོགས་པ་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཱ་ཡུས་ཐིང་སོགས་བློ་མཐུན49ལ་སྐབས26པའི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྤྲོད་རྒྱུ་དང་། རྒྱལ་སའི་ལྕགས་དང་ངར་ལྕགས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཞབས་ཞུ་འགན་ལེན་གྱི་གཞོན་ནུའི་རུ་ཁག་སོགས་གཞོན་ནུའི་ཐུན་མོང16ལ་སྐབས26པའི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་མཉམ་སྡེབ་གཟེངས་རྟགས་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད། ཧྥེང་ཡུན་ཝེ་སོགས་བློ་མཐུན73ལ་སྐབས26པའི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་པ་དང་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་ཞིབ་འཇུག་ཁང་དྲུག་པའི་བརྒྱད་ཀླད་ཀོར་གཅིག་སུའོ་ཡི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་སྐུལ་སྤེལ་མ་ལག་པུའུ་སོགས་གཞོན་ནུའི་ཐུན་མོ17ལ་སྐབས26པའི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་ཐུན་མོང་གི་གཟེངས་རྟགས་ཐོབ་ཡོད།། 

  • ལེ་ཚན་སྔོན་མ།:ཇོ་མོ་གླང་མར་ཚན་རིག་རྟོག་ཞིབ་བྱེད་འགོ་བཙུགས་པ།
  • ལེ་ཚན་རྗེས་མ།:སྐབས26པའི“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས” ཀྱི་དཔྱད་འདེམས་ཡོངས་བསྒྲགས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།