མཚོ་སྔོན་བོད་སྐད་རླུང་འཕྲིན། 2022-04-24
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོའི་འགོ་རྩོམ་མཛད་སྒོར་མཛུབ་སྟོན་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་སྤེལ་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན། དཔེ་ཀློག་དང་སློབ་སྦྱོང་ལ་བརྟེན་ནས་ཤེས་བྱ་འཕེལ་བ་དང་བློ་གྲོས་འཕེལ་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས། སྲིད་གྲོས་ཀྱི་ཤེས་བྱ་རྟོགས་པར་བྱེད་པ་དང་གྲོས་མོལ་བྱེད་ཤེས་པར་བྱེད་པ། སྲིད་གླེང་བྱེད་མཁས་པ་བཅས་བྱ་རྒྱུ་ནི་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱིས་རང་འགན་གཙང་སྒྲུབ་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་ལ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡག་པོ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། དཔེ་ཀློག་བྱེད་སྒོའི་དགེ་མཚན་བེད་སྤྱོད་ཡག་པོ་བྱས་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྩ་འཛུགས་བྱས་ཏེ། དཔེ་དེབ་ལ་མང་ཙམ་ལྟ་བ་དང་དཔེ་དེབ་ཡག་པོར་ལྟ་བ།དཔེ་དེབ་ཀློག་མཁས་པ་བཅས་བྱས་ནས་བསམ་བློའི་ཆུ་ཚད་དང་འཇོན་ཐང་། བྱང་ཚད་མཐོ་རུ་གཏོང་དགོས་པར་མ་ཟད། ལས་རིགས་སོ་སོའི་མང་ཚོགས་ལ་དཔེ་ཀློག་གི་བྱེད་སྒོ་སྤེལ་རྒྱུའི་སྣེ་ཁྲིད་དང་ཤུགས་རྐྱེན་ཐེབས་པར་བྱེད་དགོས།
ལོ་གཉིས་ཀྱི་རིང་ལ། རྒྱལ་ཡོངས་སྲིད་གྲོས་ཀྱས་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ཏེ། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོར་རྩ་འཛུགས་གང་ལེགས་བྱས་ནས། བསྡོམས་པས་དཔེ་ཀློག་ཚོགས་པ་གོ་དྲུག་བཙུགས་པ་དང་། ལས་རིགས་སོ་བཞིའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉིས་སྟོང་ཆིག་བརྒྱ་དང་བཞིས་དྲ་ཐོག་གི་རྒྱལ་ཡོངས་སྲིད་གྲོས་ཀྱི་དཔེ་ཁང་ཞེས་པའི་སྟེགས་བུ་ནས་དཔེ་ཆ་བཀླགས་པ་དང་བརྗེ་རེས་བྱས་པ། ལན་བཞག་པ་བཅས་ཀྱི་ཚད་འབུམ་བཞི་དང་ཁྲི་བདུན་ལས་བརྒལ་བ་དང་། ཨུ་ཡོན་གྱིས་བལྟས་ཚད་མི་ཐེངས་ས་ཡ་གཉིས་དང་འབུམ་དྲུག་ཁྲི་གཉིས་ལས་བརྒལ།
རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་སྲིད་གྲོས་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་ཟབ་མོར་སྤེལ་དགོས་ཞེས་པའི་བཞུགས་མོལ་ཚོགས་འདུ་ཚེས་ཉེར་གཉིས་ཉིན་པེ་ཅིང་དུ་བསྡུས། གྲོས་ཚོགས་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གྱིས་སྲིད་གྲོས་ཨུ་ཡོན་གྱིས་ཅིའི་ཕྱིར་དཔེ་ཆ་ཀློག་དགོས་པ་དང་། སྲིད་གྲོས་རྩ་འཛུགས་ཀྱིས་ཇི་ལྟར་དཔེ་ཆ་ཀློག་དགོས་པ། དཔེ་ཆ་བཀླག་ན་ཕན་འབྲས་ག་འདྲ་ཐོབ་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་ཟབ་མོ་བཏབ་ཡོད་ལ། བསམ་བློའི་རང་བཞིན་དང་མཛུབ་སྟོན་རང་བཞིན། ཁ་གཏད་རང་བཞིན་ཧ་ཅང་དྲག་པོ་ལྡན། དེས་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཚང་མས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་སྔར་ལས་ཟབ་མོ་བྱས་ཏེ། ཉམས་མྱོང་སྤྱི་སྡོམ་ནན་མོ་བྱེད་པ་ང་། བྱ་བའི་ཆོས་ཉིད་ངེས་པར་བྱེད་པ། བྱ་བའི་ཕན་འབྲས་མཐོར་འདེགས་སུ་བཏང་སྟེ། ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་བསྟུད་མར་གཏིང་ཟབ་ཏུ་སྤེལ་དགོས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10