ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ། ཧྲུའུ་ཏ་ཁྲུན། ལེ་ཅན་ཕིང་སོགས་ཁུལ་གྱི་མགོ་ཁྲིད་དར་མདོ་རུ་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོར་ཞུགས།

ལྷ་འཛོམས་ཀྱིས་བསྒྱུར།        2022-04-25

ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ། ཧྲུའུ་ཏ་ཁྲུན། ལེ་ཅན་ཕིང་སོགས་ཁུལ་གྱི་མགོ་ཁྲིད་དར་མདོ་རུ་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོར་ཞུགས།

ཧྲེན་དབྱང་སོགས་ཁུལ་གྱི་མགོ་ཁྲོད་ཀྱིས་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་ཕག་གསོ་གྲོང་སྡེ་གཉིས་པར་ཤིང་འཛུགས་བཞིན་པ།

སྤྱི་ཟླ་བཞི་པར་སི་ཁྲོན་ནུབ་རྒྱུད་ཀྱི་མཐོ་སྒང་དུ་དགུན་དཔྱིད་བར་མཚམས་དུས་སུ་སླེབས་ནས་གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་པར་བརྟེན།ཤིང་འཛུགས་ལྗང་གསོའི་དུས་ཚིགས་བཟང་པོ་ཡིན་པ་རེད། སྤྱི་ཟླ4པའི་ཚེས16ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་སོགས་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱིས་མགོ་ཁྲིད་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་ཕག་གསོ་གྲོང་སྡེ་གཉིས་པའི་ཤིང་འཛུགས་སར་ཕེབས་ནས་ཁུལ་ཐད་གཏོགས་སྡེ་ཚན་དང་།དར་མདོ་གྲོང་ཁྱེར་གྱི་ལས་ཁུངས། ལོ་ཆུང་གདོང་ལེན་རུ་ཁག་བཅས་དང་མཉམ་དུ་འོས་འགན་ཤིང་འཛུགས་བྱས་པ་རེད།

ར་རྔ་ཁ་གྲོང་རྡལ་ཕག་གསོ་གྲོང་སྡེ་གཉིས་པ་ནི་རི་ཀླུང་སྔོ་ཞིང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད་ཅིང་། དེ་ནི་ཀྲུང་གོའི་པར་རྒྱག་ཞིང་ཁམས་ཞེས་མཚན་སྙན་ཡོད་པའི་ར་རྔ་ཁ་གྲོང་རྡལ་གྱི་ལྟེ་བའི་གླིང་ཁུལ་ཡིན་པ་རེད།

ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་སོགས་ཁུལ་གྱི་མགོ་ཁྲིད་ཀྱིས་མི་ཚང་མ་དང་མཉམ་དུ་ཤིང་ཕྲུག་འཛུགས་ཞོར་དུ་འབྲེལ་ཡོད་བློ་མཐུན་ནས་ཤིང་འཛུགས་ནགས་བཟོའི་རྒྱ་ཁྱོན་དང་། ས་རྒྱུའི་བཞའ་ཚན། ལྗོན་ཤིང་གསོན་ཚད་སོགས་ཀྱི་གནས་ཚུལ་ཆ་རྒྱུས་བླངས་རྗེས། ནགས་རྩྭ་སྡེ་ཚན་ལ་མཐོ་སྒང་དུ་ཤིང་འཛུགས་ནགས་བཟོར་འཚམ་པའི་ཤིང་སོན་དང་སྤུས་ཀ་ལ་དོ་སྣང་བྱས་ནས་འདེབས་འཛུགས་བྱས་རྗེས་དོ་དམ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བཙུགས་ཚད་གསོན་ཐུབ་པ་བྱས་ནས་ཡུག་ངོས་གཅིག་ལྗང་འགྱུར་ཐུབ་པར་འགན་ལེན་བྱ་དགོས་པའི་བཀའ་སློབ་གནང་བ་རེད། ཟུར་དུ་ཡོད་པའི་ལོ་ཆུང་གདོང་ལེན་རུ་ཁག་དང་བྱམས་བརྩེའི་ངང་ནས་ཁ་བརྡ་ལབ་རེས་བྱེད་སྐབས། ཧྲེན་དབྱང་གིས་ཚང་མར“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་འདུ་ཤེས་ལྷུག་བརྗོད་ཞིབ་མོ་གནང་བ་དང་ཆབས་ཅིག། “ཤིང་འཛུགས་གསོ་བྱེད་པར་ལོ་བཅུ་དགོས།མི་གསོ་སྐྱོང་བྱེད་པར་ལོ་བརྒྱ་དགོས་པའི”གནའ་བོའི་བསླབ་བྱ་གསེད་འགྲེལ་བརྒྱབ་ནས་གཞོན་ནུ་ལོ་ཆུང་ཚོར་ངལ་རྩོལ་ལ་དགའ་ཞེན་དང་སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་ཏེ་ཆུང་དུས་ནས་སེམས་ནང་དུ་འབྱུང་འཕྲོད་ཀྱི་ས་བོན་དང་སྐྱོན་བྲལ་ཡར་བརྩོན་གྱི་ས་བོན། མི་རིགས་མཐུན་སྒྲིལ་གྱི་ས་བོན་བཏབ་སྟེ། སྡོང་ཕྲུག་ལྟར་འཚར་ལོངས་ཡོང་བ་བྱས་ནས་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་ཕ་ཡུལ་འཛུགས་སྐྲུན་བྱེད་པར་སྤྱོད་གོ་ཆོད་པའི་ཤེས་ཡོན་པ་དང་རྐང་འཛིན་མི་སྣར་འགྱུར་བ་བྱ་དགོས་པའི་ལྕག་སྐུལ་གནང་བ་རེད།

ཆུ་ཚོད་གཉིས་ཙམ་ངལ་རྩོལ་བྱས་པར་བརྒྱུད།མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས། ལོ་ཆུང་གདོང་ལེན་རུ་མི་བཅས་མི2000ལྷག་ཙམ་གྱིས་རྒྱ་ཁྱོན་མུའུ30ཙམ་ཡོད་པའི་ས་རྒོད་ཐོག་ཤིང་ཧྥེང་ཧྲུའུ་དམར་པོ་དང་རྒྱ་ལྕང་སོགས་སྡོང་ཕྲུག2000ལྷག་ཙམ་བཙུགས་པ་རེད།

ཤིང་འཛུགས་བྱེད་སྒོའི་ནང་ཞུགས་མཁན་ད་དུང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་དར་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས། དེ་བཞིན་དུ་དང་བླངས་པའི་འཐུས་མི་སོགས་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་དུ་འོང་མཁན་དང་ཕྱིར་ལོག་མཁན་གྱི་མི་སྣའི་ཐོ་འགོད་མ་ལག་གི་བསྒྲིགས་རིམ་ཆུང་ངུ་བེད་སྤྱོད་སྐོར་གྱི་བརྡ་ཐོ།
  • ལེ་ཚན་རྗེས་མ།:ཧྥུང་ཧྥ་ཀུའེ་ཡིས་ལི་གཏེར་ཐོན་ཁུངས་མཉམ་ལས་གསར་སྦོལ་གྱི་འབྲེལ་ཡོད་ལས་ཀར་ཆེད་དོན་ཞིབ་འཇུག་གནང་སྐབས་ཐོན་ཁུངས་ཀྱི་ལེགས་ཆ་འདི་ཐོན་ལས་དམངས་ཕྱུག་གི་ལེགས་ཆར་ཇེ་མགྱོགས
  • དོ་སྣང་ཆེ་བའི་རྩོམ།