མི་དམངས་དྲ་བ། 2022-04-19
གསུང་རྩོམ་ནང་ནན་བཤད་བྱས་དོན། སྤྱི་ཚོགས་འགན་སྲུང་ནི་དམངས་འཚོ་འགན་སྲུང་དང་ལེགས་བཅོས། སྤྱི་ཚོགས་དྲང་གཞག་སྲུང་སྐྱོང་། མི་དམངས་ལ་བདེ་རྩ་བསྐྲུན་པ་བཅས་ཀྱི་གཞི་རྩའི་ལམ་ལུགས་ཀྱི་འགན་ལེན་ཞིག་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། དམངས་འཚོ་འགན་སྲུང་གི་བདེ་འཇགས་དྲ་བ་དང་། ཡོང་འབབ་བགོ་འགྲེམས་ཀྱི་སྙོམས་སྒྲིག་ཡོ་བྱད། དཔལ་འབྱོར་འཁོར་སྐྱོད་ཀྱི་གཡོ་འགུལ་ཆུང་གཏོང་ཡོ་བྱད་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་ལ། དེ་ནི་རྒྱལ་སྐྱོང་བདེ་འགོད་ཀྱི་གནད་དོན་གལ་ཆེན་ཡང་རེད། བགོ་འགྲེམས་བསྐྱར་མ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕར་རོགས་ཚུར་རོགས་ཤུགས་ཆེན་བྱེད་པ། མི་དེ་བས་མང་བ་སྤྱི་ཚོགས་འགན་སྲུང་མ་ལག་ནང་འཇུག་པ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་དེ་བས་བློས་འགེལ་ཆོག་པ་དང་དེ་བས་ལེགས་པའི་འགན་ལེན་བྱེད་པ། མི་དམངས་མང་ཚོགས་ཀྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་བ་བཅས་བྱས་ཏེ། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས། དྲང་གཞག་གཅིག་གྱུར། རྒྱུན་མཐུད་ཆོག་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་བ་སྔར་བས་དམ་ཚགས་སུ་བཏང་སྟེ། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
གསུང་རྩོམ་ནང་བསྟན་དོན། རང་རེའི་ཏང་གིས་སྔར་ནས་བཟུང་དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་འགན་སྲུང་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་བྱེད་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་བྱེད་རྒྱུ་དེ་མྱུར་བགྲོད་ལམ་བུར་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར་རང་རྒྱལ་གྱིས་སྤྱི་ཚོགས་འགན་བཅོལ་གཙོ་བོར་བྱས་ཏེ་སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་། སྤྱི་ཚོགས་ཀྱི་ཕན་བདེ། སྤྱི་ཚོགས་ཀྱི་གཟིགས་སྐྱོང་སོགས་ཀྱི་ལམ་ལུགས་ཚུད་པའི་བྱེད་ནུས་ཆ་ཚང་བའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་ཡོད། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་བྱེད་རྒྱུ་མཐའ་འཁྱོངས་དང་། མི་དམངས་གོང་དུ་བཀུར་བ་དང་ཐུན་མོང་འབྱོར་ཕྱུག་མཐའ་འཁྱོངས། ལམ་ལུགས་ཀྱི་ཁྲིད་སྟོན་མཐའ་འཁྱོངས། དུས་བསྟུན་འཕེལ་རྒྱས་མཐའ་འཁྱོངས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་པའི་སྤྱི་ཚོགས་འགན་སྲུང་མ་ལག་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། གྲུབ་འབྲས་ཐོབ་པའི་ཉམས་མྱོང་དེ་དག་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་རྒྱུན་ཆད་མེད་པར་ཕྱོགས་སྡོམ་དང་མདུན་སྐྱོད་བྱེད་དགོས།
གསུང་རྩོམ་ནང་བསྟན་དོན། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། འཐབ་ཇུས་ཀྱི་མིག་རྒྱང་དགོས་པ། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་མཐོང་རྒྱ་ཡངས་སུ་གཏོང་བ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པ”དང་ཐ་ན་དུས་ཡུན་དེ་བས་རིང་བའི་སྤྱི་ཚོགས་འགན་སྲུང་བྱ་གཞག་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱེད་དགོས། ག་དུས་ཡིན་ཡང་གནས་ལུགས་ཤིག་བརྗེད་མི་རུང་བ་སྟེ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འགན་སྲུང་ནི་ཆུ་བོ་རྒྱས་ན་གྲུ་གཟིངས་མཐོ་བའི་འབྲེལ་བ་ལྟ་བུ་ཡིན་པས། ཆུ་བོ་གཏིང་རིང་པོ་མེད་ན་གྲུ་ཆུང་གཏོང་བ་དང་། ཆུ་བོ་གཏིང་ཟབ་ན་གྲུ་ཆེན་གཏོང་བ་ལྟར་ཡིན། གལ་སྲིད་ཆོས་ཉིད་དང་འགལ་ན་འགོག་རྐྱེན་འཕྲད་སྲིད་པའམ་ཡང་ན་གྲུ་གཟིངས་མགོ་རྟིང་ལོག་སྲིད།
གསུང་རྩོམ་ནང་བསྟན་དོན། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་སྒྱུར་བཅོས་དེ་བརྒྱུད་རིམ་ལྡན་པའི་འདུས་གྲུབ་དང་མཐུན་སྦྱོར་ཕན་ཆེའི་དུས་མཚམས་སུ་སླེབས་ཡོད། སྤྱི་ཚོགས་འགན་སྲུང་གི་ཕྱོགས་ཁག་དབར་དང་། སྤྱི་ཚོགས་འགན་སྲུང་གི་ཁྱབ་ཁོངས་དང་འབྲེལ་ཡོད་ཁྱབ་ཁོངས་གཞན་དག་དབར་གྱི་སྒྱུར་བཅོས་ཀྱི་འབྲེལ་བར་སྟངས་འཛིན་ཡང་དག་བྱས་ཏེ། སྤྱི་འདོམས་འཆར་འགོད་དང་མཐུན་སྦྱོར་སྐུལ་འདེད་ཀྱི་ནུས་པ་ཆེ་རུ་བཏང་ནས་སྒྱུར་བཅོས་ཁག་ལ་སྤྱི་ཡོངས་ཀྱི་མཉམ་ཤུགས་ཤིག་ཆགས་པའི་འགན་ལེན་བྱེད་དགོས། གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་སུ་གང་མགྱོགས་སྤྱི་འདོམས་ཡོང་བ་བྱེད་དགོས་ཤིང་། དེ་ནི་སྤྱི་ཚོགས་འགན་བཅོལ་གྱི“གྲངས་འབོར་ཆེ་བའི་གནས་ལུགས”དང་མཐུན་ཡོད་ལ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པའི་བླང་བྱ་ཡང་རེད། “སྨན་གསུམ་མཉམ་འགུལ”ལ་རྒྱུན་སྲིང་ལྷོད་མེད་དང་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་ཀྱི་ཁ་ཕྱོགས་དང་། མྱུར་ཚད། སྤེལ་ཤུགས་བཅས་སྟངས་འཛིན་ལུགས་མཐུན་བྱས་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ངོས་འཛིན་དང་མཉམ་ཤུགས་གཅིག་ཏུ་འགྲིལ་གང་ཐུབ་བྱས་ནས། ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོའི་ལོ་ཚད་ནར་འགྱངས་བྱེད་པའི་སྒྱུར་བཅོས་ལས་འགན་དོན་འཁྱོལ་བརྟན་པོ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།
གསུང་རྩོམ་ནང་ནན་བཤད་བྱས་དོན། ལམ་ལུགས་ཀྱི་གཅིག་གྱུར་རང་བཞིན་དང་ཚད་ལྡན་རང་བཞིན་མཐའ་འཁྱོངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གཏོད་པར་རྒྱལ་ཁབ་ཀྱི་རྩེ་རིམ་ཇུས་འགོད་མཐའ་འཁྱོངས་བྱས་ནས་རྒྱལ་ཡོངས་བསམ་ཇུས་གཅིག་ཡོང་བ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། ཆོས་ཉིད་ཁོང་དུ་ཆུད་པ་དང་སྤྱི་འདོམས་མཐུན་སྦྱོར་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྒྱུར་བཅོས་ཀྱི་ཇུས་གཞི་ཁག་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས། དམངས་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོན་པ་བྱེད་དགོས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10