ཚོར་བའི་རྒྱང་གླུ།

ཉུལ་པོ།        2022-04-18

སྲིད་ཞིའི་ཆོས་རྣམས་ཀུན་མཁྱེན་མི་ཕམ་དང་། །

རྒྱལ་ཁམས་རིག་པས་སྐོར་བའི་དགེ་ཆོས་སོགས། །

སྔོན་བྱོན་མཁས་པས་བརྩེ་རྩོམ་འབྲི་ཆོག་ན། །

དེང་སང་ཕལ་བ་རྣམས་ཀྱིས་ལྟ་ཅི་སྨོས། །

འཁོར་བའི་ཐང་ཆེན་འདི་ཡི་ཕལ་རོལ་ནས། །

ལྷན་འཛོམས་དུས་ཀྱི་ཟླ་གཞོན་སྒུག་པ་ལས། །

འདི་སྣང་སྲིད་པའི་སྤྲིན་དཀར་མ་ཡལ་གོང་། །

སྐྱིད་སྡུག་འཚོ་བའི་དགའ་སྟོན་མཉམ་དུ་རོལ། །

ཇི་སྲིད་འཁོར་བའི་སྣང་བ་མ་ནུབ་བར། །

དེ་སྲིད་འཛུམ་པའི་ལང་ཚོ་མ་ཉམས་ན། །

སྣང་སྲིད་གླུ་རུ་ལེན་པའི་གཞོན་པ་ཡི། །

ཞེན་ཆཊ་ཚོར་བའི་སྐྱ་ཡ་ཁྱེད་ཀྱིས་ཆོག །

སྡེབ་ལེཊ་ཚིག་གིས་བསྟོད་པ་མི་དགོས་ལ། །

ཅ་ཅོའི་གཏམ་གྱིས་སྨད་ཀྱང་དེ་བས་མིན། །

བཅོས་མིན་འདང་གི་བརྩེ་བ་ལྡན་གྱུར་ན། །

འཇིག་རྟེན་འཁོར་བའི་སྙིང་པོ་ཁྱོད་ཉིད་ཡིན། །

ན་ནིང་ལྷན་དུ་འཕྲད་པའི་ནགས་ཀློང་ནས། །

མཛའ་བརྩེའི་ཟིལ་བ་འཐུངས་པའི་བཟི་ཁ་ཡིས། །

ད་ལོ་གྱེས་བྲལ་དགོས་པའི་འཇིག་རྟེན་ནས། །

དུང་སེམས་རྒུན་ཆང་མངར་མོ་མཆོད་ན་འདོད། །

ཁྱེད་ཞལ་དུང་གི་ཟླ་གཞོན་རྒྱས་པའི་ཁྱིམ། །

བདག་ཡིད་པད་མའི་ཚལ་དུ་འཆར་ཙ་ན། །

དྲན་གདུང་སེམས་ཀྱི་སྣང་བ་སྣ་ཚོཊ་ཀྱིས། །

སླར་ཡང་ཁྱེད་ཀྱི་གམ་དུ་ལོག་ན་འདོད། །

ང་ནི་འཁོར་འདས་གཉིས་ཀྱི་ས་མཚམས་ནས། །

སྣང་བ་དབྱངས་ལ་འཐེན་བཞིན་འཚོ་ཡིན་ཡོད། །

ཁྱེད་ནི་སྡེ་ཆེན་སྡེ་དགུའི་ཕར་ངོགས་ན། །

ཞེན་ཆགས་རྡོག་ཁྲེས་ཁུར་ནས་ལུས་ཡོད་དམ། །

བཞིན་རས་སྟོན་ཟླའི་ལང་ཚོ་རྒྱས་པའི་ཟེར། །

དེ་རིང་སྣང་བའི་ཀློང་ནས་མི་མཐོང་ཡང་། །

སྲོད་ལ་ཉི་འོད་ནུབ་པའི་རི་སུལ་ནས། །

ཁྱེད་ཀྱི་ལང་ཚོ་སྒུག་འདུག་ལས་མཐུན་མི། །

ནམ་ཞིག་ལྷན་དུ་འཛོམས་པའི་སྐལ་བཟང་གིས། །

དགྱེས་འཛུམ་པད་མའི་ལང་ཚོ་མཐོང་གྱུར་ན། །

དེ་དུས་སེམས་ངོ་འཕྲོད་པའི་མི་བུ་བཞིན། །

ཁྱེད་ཀྱི་མགུལ་དུ་འཁྱུད་འདོད་བརྩེ་བའི་གྲོགས། །

སྐྱིད་སྣང་སྤྲིན་དཀར་གཡོ་བའི་གདན་ཐོག་ནས། །

རྩེད་འཇོའི་དགའ་སྟོན་རོལ་བའི་གཞོན་པ་ཡིས། །

སྣང་བ་དབྱངས་ལ་བསྟར་བའི་སྙན་དངགས་དག །

བཅོས་མའི་ཁ་མཚར་ཡིན་ལ་སོམ་ཉི་ཅི། །

  • ལེ་ཚན་སྔོན་མ།:ནགས་མའི་ཚལ་ནས་ཟླ་བ་བཟུང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།