མྱ་ངན་གྱི་མགུར།

ནམ་ཤེས།        2022-04-15

ཡུལ་ཤུལ་དུ་ས་ཡོམ་བྱུང་ནས་ལོ་འཁོར་བཅུ་གཉིས་འཁོར་བའི་རྗེས་དྲན།

ས་ཡོམ་གྱི་འཇིག་པ་སླེབས་བྱུང་།

ཚེ་སྲོག་རླུང་གིས་ཁུར་སོང་།

བརྩེ་དུངས་རླུང་གིས་ཁུར་སོང་།

མི་ཡུལ་ལ་གྱེས་གདུང་དང་ཕང་སེམས་ཁོ་ན་བསྐྱུར།

ས་ཡོམ་གྱི་འཇིག་པ་སླེབས་བྱུང་།

ནམ་མཁར་ཐལ་རྡུལ་གཡོས་ནས།

ཉི་ཟླ་རྡུལ་གྱིས་བསྒྲིབས་སོང་།

མི་ཡུལ་ལ་འདུ་འབྲལ་དང་མྱ་ངན་གྱི་སྤྲིན་པ་འཁྲིགས།

ས་ཡོམ་གྱི་འཇིག་པ་སླེབས་བྱུང་།

སྙིང་ཉེ་བཞུད་སོང་།

གནམ་སའི་ཁ་དོག་གྱུར་སོང་།

མི་ཡུལ་ལ་ཁྲག་དྲི་བྲོ་བའི་གཏམ་རྒྱུད་ཁོ་ན་བསྐྱུར།



  • ལེ་ཚན་སྔོན་མ།:རེ་སྐད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།