དུག་འགོག་ལས་ཀར་གྲུབ་འབྲས་ཐོན་པའི་རྫོང་ཁག་འདི་ཚོར་བསྟོད།

        2022-04-14

   སྤྱི་ཟླ4པའི་ཚེས11ཉིན། 2022ལོའི་ཁུལ་ཡོངས་ཀྱི་དུག་འགོག་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ནས་ཤེས་རྟོགས་བྱུང་དོན། 2021ལོར་རང་ཁུལ་གྱི་དུག་འགོག་ལས་ཀ་དེ་ཁུལ་ཏང་ཨུ་དང་། ཁུལ་སྲིད་གཞུང་། ཞིང་ཆེན་དུག་འགོག་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཡང་དག་པའི་མགོ་ཁྲིད་འོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུག་འགོག་ལས་ཀའི་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་ནན་ཏན་བྱས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དུག་འགོག་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྙིང་དོན་དོན་འཁྱོལ་བྱས་ནས་དུག་འགོག་ལས་སྒོའི་ལས་ཀ་ཁག་ཕྱོགས་ཡོངས་ནས་སྤེལ་བར་བརྟེན། ཞིང་ཆེན་ཡོངས་ཀྱི་དུག་འགོག་དམག་འཐབ་ཀྱི་ལས་ཀའི་ཕན་འབྲས་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་དཔྱད་བསྡུར་གཏན་འབེབས་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད།

    ཁུལ་དུག་འགོག་ཨུ་ལྷན་གྱི་མགོ་ཁྲིད་གཙོ་བོའི་མོས་མཐུན་ཐོབ་རྗེས་དཀར་མཛེས་ཁུལ་དུག་འགོག་ཨུ་ལྷན་གྱིས2021ལོའི་ཁུལ་ཡོངས་ཀྱི་དུག་འགོག་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པའི་རྫོང(གྲོང་ཁྱེར)10ལ་བསྔགས་བརྗོད་བྱས་པ་རེད།

དཀར་མཛེས་ཁུལ་དུག་འགོག་ཨུ་ཡོན་ལྷན་ཁང་གིས2021ལོའི་ཁུལ་ཡོངས་ཀྱི་དུག་འགོག་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པའི་རྫོང(གྲོང་ཁྱེར)10ལ་བསྔགས་བརྗོད་བྱས་པའི་བརྡ་ཁྱབ།

 

རྫོང(གྲོང་ཁྱེར)ཁག་གི་དུག་འགོག་ཨུ་ཡོན་ལྷན་ཁང་།

   2021ལོར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མཐོང་ཆེན་དང་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཁུལ་ཡོངས་ཀྱི་རིམ་ཁག་དུག་འགོག་ཨུ་ལྷན་གྱི་གཞོགས་འདེགས་དང་འབད་འཐབ་ཧུར་ཐག་བྱས་ནས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གྲུབ་འབྲས་ཐོབ་པ་ལ་ཁས་ལེན་གང་ལེགས་དང་ངར་ཤུགས་འཕེལ་ཞིང་། 2022ལོའི་དུག་འགོག་གི་དམག་འཐབ་དེ་བས་རྒྱ་ཆེ་ལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་ཆེད། ཁུལ་དུག་འགོག་ཨུ་ལྷན་གྱི་མགོ་ཁྲིད་གཙོ་བོའི་མོས་མཐུན་ཐོབ་པར་རེ་ཞུ་བྱས་པ་བརྒྱུད། 2021ལོར་ཁུལ་ཡོངས་ཀྱི་དུག་འགོག་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པའི་རྫོང(གྲོང་ཁྱེར)ལ་བསྔགས་བརྗོད་བྱ་རྒྱུའི་གཏན་འབེབས་བྱས་པ་སྟེ།

 

དང་པོ། བྱ་དགའ་ཨང་དང་པོ།

   དར་མདོ་གྲོང་ཁྱེར་དུག་འགོག་ཨུ་ཡོན་ལྷན་ཁང་།

   བྲག་མགོ་རྫོང་དུག་འགོག་ཨུ་ཡོན་ལྷན་ཁང་།

 

གཉིས་པ། བྱ་དགའ་ཨང་གཉིས་པ།

   ལྕགས་ཟམ་རྫོང་དུག་འགོག་ཨུ་ཡོན་ལྷན་ཁང་།

   རྟའུ་རྫོང་དུག་འགོག་ཨུ་ཡོན་ལྷན་ཁང་།

   སེར་ཤུལ་རྫོང་དུག་འགོག་ཨུ་ཡོན་ལྷན་ཁང་།

 

གསུམ་པ། བྱ་དགའ་ཨང་གསུམ་པ།

   ལི་ཐང་རྫོང་དུག་འགོག་ཨུ་ཡོན་ལྷན་ཁང་།

   འབའ་ཐང་རྫོང་དུག་འགོག་ཨུ་ཡོན་ལྷན་ཁང་།

   དཀར་མཛེས་རྫོང་དུག་འགོག་ཨུ་ཡོན་ལྷན་ཁང་།

   བརྒྱད་ཟིལ་རྫོང་དུག་འགོག་ཨུ་ཡོན་ལྷན་ཁང་།

   སྡེ་དགེ་རྫོང་དུག་འགོག་ཨུ་ཡོན་ལྷན་ཁང་།

 

   གཟེངས་བསྟོད་ཐོབ་པའི་རྫོང(གྲོང་ཁྱེར)དུག་འགོག་ཨུ་ཡོན་ལྷན་ཁང་གིས་མཚན་སྙན་ལ་བརྩི་མཐོང་བྱེད་ཅིང་། ང་རྒྱལ་དང་འཚབ་འཚུབ་སྤངས་ཏེ་ཡང་འབད་བསྐྱར་འབད་ཀྱིས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མུ་མཐུད་དུ་དུག་འགོག་ལས་ཀའི་ཐད་གྲུབ་འབྲས་བཟང་པོ་གཏོད་རྒྱུའི་རེ་བ་བཏོན་པ་དང་། ས་གནས་ཁག་གིས་ཀྱང་བསྔགས་བརྗོད་ཐོབ་པའི་ས་གནས་དེ་དག་མིག་དཔེར་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བདེ་སྲུང་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་གཙོ་གནད་ལ་དམ་པོར་དམིགས་ནས་དུག་འགོག་གི་བྱེད་ཕྱོགས་ལག་བསྟར་ནན་ཏན་དང་། དུག་རྫས་ཀྱི་གནོད་འཚེ་ཆུང་དུ་གཏོང་གང་ཐུབ་ཀྱིས་དུག་འགོག་ལས་ཀར་དེ་བས་གྲུབ་འབྲས་ཆེན་པོ་ཐོབ་པར་སྐུལ་ནས་དུག་འགོག་དམག་འཐབ་ཀྱི་འགག་སྒྲོལ་ལས་རྣམ་པར་རྒྱལ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་རེ་བ་ནན་བཏོན་བྱས།

 

དཀར་མཛེས་ཁུལ་དུག་འགོག་ཨུ་ཡོན་ལྷན་ཁང་།

2022ལོའི་སྤྱི་ཟླ4པའི་ཚེས7ཉིན།


  • ལེ་ཚན་སྔོན་མ།:ཕྱག་ཕྲེང་རྫོང་གི་ལུག་གྲོད་ཤ་མོའི་སྐྱེ་ཚུལ་ཡག་པས་མང་ཚོགས་ལ་ཡོང་འབབ་འཕར་རེ་ཡོད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས2022ལོའི་ཐོག་འགོག་བདེ་འཇགས་སྐོར་ལ་བརྡ་ཐོ་བཏང་།
  • དོ་སྣང་ཆེ་བའི་རྩོམ།