རང་ཁུལ་གྱིས2022ལོའི་ཐོག་འགོག་བདེ་འཇགས་སྐོར་ལ་བརྡ་ཐོ་བཏང་།

ཨོ་རྒྱན་གྱིས་བསྒྱུར།        2022-04-14

    འདི་ག་དྲ་བའི་འཕྲིན། ཐོག་འགོག་བདེ་འཇགས་ལས་དོན་ལ་སྔར་བས་ཤུགས་བསྣན་ཆེད། ཉེ་ཆར་ཁུལ་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས《2022ལོའི་ཐོག་འགོག་བདེ་འཇགས་ལས་དོན་ལ་ཤུགས་སྣོན་ནན་ཏན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བརྗོད་རྒྱུ)དཔར་འགྲེམ་བྱས།

     《བརྡ་ཐོ》ལས། རང་ཁུལ་གྱི་ཐོག་འགོག་གནས་བབ་ཛ་དྲག་ཆེ་བས། རིམ་པ་ཁག་དང་འབྲེལ་ཡོད་ལས་ཁུངས་ཁག་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་འཛིན་ནས། “ཚེ་སྲོག་བླ་མེད་དང་བདེ་འཇགས་འཕེལ་རྒྱས”ཀྱི་འདུ་ཤེས་དང“མི་དམངས་གཙོ་བོར་འཛིན་པའི”འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཅངས་དང་།“བདེ་འཇགས་ཨང་དང་པོ་དང་། སྔོན་འགོག་གཙོར་བཟུང་། འགོག་བཅོས་ཟུང་འབྲེལ”བཅས་ཀྱི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཐོག་འགོག་བདེ་འཇགས་ཀྱི་འགན་འཁྲིའི་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐོག་འགོག་གེགས་སེལ་གྱི་ལས་དོན་ཏན་ཏིག་ངང་སྒྲུབ་དགོས་པར་བསྟན།

     《བརྡ་ཐོའི》ནང“དོན་འཁྱོལ་བཞིར”བརྟེན་ནས། འགན་འཁྲིའི་ལས་བགོས་སྔར་བས་འཐུས་ཚང་དུ་བཏང་སྟེ་སྲིད་གཞུང་གི་ལྟ་སྐུལ་དོ་དམ་དང་། ལས་རིགས་རང་གཅུན། སྤྱི་ཚོགས་ལྟ་སྐུལ་བཅས་ཟུང་འབྲེལ་བྱེད་པའི་ཐོག་འགོག་བདེ་འཇགས་ལས་ཀའི་འགན་འཁྲིའི་མ་ལག་ཅིག་འཛུགས་རྒྱུ་ཡིན་པ་རེད། གཅིག་ནི་སྲིད་གཞུང་ཁོངས་གཏོགས་ཀྱི་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་དགོས། གཉིས་ནི་སྡེ་ཚན་གྱི་ཐོག་འགོག་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་དགོས། གསུམ་ནི་ཐོན་སྐྱེད་གཉེར་སྐྱོང་ཚན་པའི་ཐོག་འགོག་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱ་དགོས། བཞི་ནི་གློག་འཁྱུག་ཐོག་རྒྱག་འགོག་སྲུང་སྒྲིག་ཆས་ཞིབ་དཔྱད་ཚད་ལེན་སྡེ་ཁག་གིས་ཐོག་འགོག་བདེ་འཇགས་འགན་འཁྲི་དོན་འཁྱོལ་བྱ་དགོས།

    《བརྡ་ཐོ》ལས་ཐོག་འགོག་བདེ་འཇགས་ལྟ་སྐུལ་དོ་དམ་ལ་སྔར་བས་ནན་བཤད་བྱས་པ་དང་། མཁོ་བསྟུན་དང་འཕེལ་བསྒྱུར། དཔལ་འབྱོར་ཡིད་རྟོན། སྡོད་ཁང་འཛུགས་སྐྲུན། སྤྱི་བདེ། གནམ་གཤིས་སོགས་ཀྱི་སྡེ་ཁག་ལ་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན། མཉམ་སྒྲུབ་ཀྱིས་ལྟ་སྐུལ་དོ་དམ་དང་མཉམ་འབྲེལ་ཀྱིས་ཆད་གཅོད་བསླབ་འདོམས་བྱས་ཏེ། ད་ལོའི་ཆར་ཞོད་ཀྱི་དུས་ཚིགས་མ་སླེབས་གོང་མཉམ་འབྲེལ་ཐོག་སྲིད་འཛིན་ཁྲིམས་འཛིན་ཞིབ་བཤེར་ཧུར་ཐག་བྱ་དགོས་པ་དང་། གློག་འཁྱུག་ཐོག་རྒྱག་གི་འགོག་སྲུང་སྒྲིག་ཆས་ཀྱི་བདག་དབང་སྡེ་ཁག་དང་བེད་སྤྱོད་སྡེ་ཁག་གིས་གློག་འཁྱུག་ཐོག་རྒྱག་གི་འགོག་སྲུང་སྒྲིག་ཆས་ཇུས་འགོད་ཞིབ་བཤེར་གཏན་འབེབས་དང་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་གྱི་འབྲེལ་ཡོད་གཏན་འབེབས་གནས་ཚུལ་གཙོ་གནད་ཐོག་ཞིབ་བཤེར་དོན་འཁྱོལ་བྱས་ཏེ། གློག་འཁྱུག་ཐོག་རྒྱག་གི་འགོག་སྲུང་སྒྲིག་ཆས་ཇུས་འགོད་དང་ཞིབ་དཔྱད་མ་བརྒྱུད་པར་རང་དགར་ཨར་སྐྲུན་དང་འབྲེལ་ཡོད་སྡེ་ཚན་གྱི་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་མ་བྱས་པར་རང་དགར་བེད་སྤྱོད་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱེད་དགོས། སྡེ་ཚན་ཁག་གི་ཐོག་འགོག་བདེ་འཇགས་བྱ་ཐབས་དོན་འཁྱོལ་བྱས་ཚུལ་དང་གློག་འཁྱུག་ཐོག་རྒྱག་གི་འགོག་སྲུང་སྒྲིག་ཆས་ཀྱི་ལྟ་ཞིབ་ཚད་ལེན་ལག་རྩལ་སྙན་ཞུ་ཚད་དང་མཐུན་ཡོད་མེད། ཐོག་འགོག་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཡོད་མེད། བླང་བྱ་ལྟར་བཅོས་སྒྲིག་བྱས་ཡོད་མེད་བཅས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་དགོས།

     ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་བདེ་འཇགས་ཨུ་ལྷན་གྱིས་ལོ་ལྟར། སྤྱི་ཟླ6པ་ནས8པའི་བར་འབྲེལ་ཡོད་འགན་ནུས་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་རྫོང(གྲོང་ཁྱེར)དང་ལས་ཁུངས་ཁག་གཅིག་གི་ཐོག་འགོག་བདེ་འཇགས་ལས་དོན་ལ་ཡུལ་དངོས་ལྟ་སྐུལ་ཞིབ་བཤེར་བྱས་ནས། ལས་ཀའི་རྩ་འཛུགས་ནུས་ལྡན་མེད་པ་དང་། འགན་འཁྲི་དོན་ཐོག་ཏུ་འཁྱོལ་ཐུབ་མེད་པ། དེ་བཞིན་ཐོག་འགོག་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱ་སྤྱོད་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུར་མ་ཟད། འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་གཏང་རྒྱུ་ཡིན་པ་རེད།



  • ལེ་ཚན་སྔོན་མ།:དུག་འགོག་ལས་ཀར་གྲུབ་འབྲས་ཐོན་པའི་རྫོང་ཁག་འདི་ཚོར་བསྟོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།