ལི་ཐང་རྫོང་གིས་རྩྭ་སྔོན་སྐམ་པོ་ཏུན150སྤྲད་ནས་གནོད་འགོག་ཕྱུགས་སྲུང་བྱས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-04-11

ལི་ཐང་རྫོང་གིས་རྩྭ་སྔོན་སྐམ་པོ་ཏུན150སྤྲད་ནས་གནོད་འགོག་ཕྱུགས་སྲུང་བྱས།

སྤྱི་ཟླ4ཚེས3ཉིན། ལི་ཐང་རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཀྱིས་མགྱོགས་མྱུར་ངང་ཁམས་ལྷོའི་གནོད་འགོག་ཕྱུགས་སྲུང་རྩྭ་གསོག་རྟེན་གཞི་ནས་རྩྭ་སྔོན་ཏུན150སྤྲད་དེ་གནོད་འགོག་ཕྱུགས་སྲུང་གི་ལས་དོན་སྤེལ། ཀྲུང་གོ་མཁའ་འགྲུལ་ཨན་མོང་ཉེན་སྐྱོབ་སྤྱི་གཉེར་ཁང་གིས་ཀྱང་འབྲོག་ལས་ཡུལ་ཤོག་དང་གྲོང་རྡལ་ཁག་ལ་རྩྭ་སྔོན་ཏུན15ཞལ་འདེབས་བརྒྱབ་པ་རེད།

སྤྱི་ཟླ3ཚེས31ཉིན་ནས་བཟུང་། ལི་ཐང་རྫོང་ཁོངས་སུ་ཆར་པ(ཁ་བ)བསྟུད་མར་བབས་ནས་རྫོང་ཡོངས་སུ་ཆ་སྙོམས་ཁ་བ་བབས་ཚད་ཧའོ་སྨི25.7ལ་ཟིན་པ་དང་དྲོད་ཚད་རིམ་རྩིས་བྱས་ན་ཏུའུ6ནས8མར་ཆག་ཡོད་པ་རེད། ཁ་མ་ཆར་གྱི་གནམ་གཤིས་དེས་འབྲོག་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཚབས་ཆེན་བཟོས་པ་དང་། ལྷག་པར་དུ་ཕྱུགས་རིགས་དགུན་དཔྱིད་ཀྱི་གྲང་ངར་བརྒྱུད་ནས་ཤ་ཤེད་ཉམས་པའི་ཁར་ད་སྔར་སྐྱ་ཟད་སྔོ་གཏུགས་ཀྱི་གནས་ཚུལ་ལ་འཕྲད་པས་ཕྱུགས་རིགས་ལ་གཟན་རྩྭ་ཧ་ཅང་དཀོན་པོ་ཡོད་སྟབས་ཕྱུགས་རིགས་ཤི་ཚད་མང་དུ་འགྲོ་བཞིན་ཡོད། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དང་ཡུལ་སྡེ་དར་རྒྱས་ཡོང་བ་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཕྱུགས་ཟོག་ཤི་ཚད་ཉུང་དུ་གཏོང་བ། ཐོན་ལས་དར་རྒྱས་གཏོང་བའི་རྨང་གཞི་བརྟན་དུ་གཏང་ཆེད། ཆེད་དུ་གནོད་སྐྱོན་ཐེབས་པའི་ཡུལ་ཤོག་དང་གྲོང་སྡེར་རྩྭ་སྔོན་སྤྲད་ནས་འབྲོག་པའི་ནོར་ལུག་དཀའ་གནད་ལས་སྒྲོལ་བར་རོགས་རམ་བྱས།། 

  • ལེ་ཚན་སྔོན་མ།:ཕྱག་ཕྲེང་རྫོང་གི་ཡུལ་སྡེ་དར་རྒྱས་གཏོང་བར་ཐབས་མཆོག་མང་པོ་བཏོན།
  • ལེ་ཚན་རྗེས་མ།:ཅིན་ཅང་ཆུས་ཀྱིས་བྲག་མགོ་རྫོང་ལ་ལས་གཞི་སྐྲུན་རོགས་བྱས་ཏེ་ལས་འགོ་བརྟན་པོར་བཙུགས།
  • དོ་སྣང་ཆེ་བའི་རྩོམ།