ཅིན་ཅང་ཆུས་ཀྱིས་བྲག་མགོ་རྫོང་ལ་ལས་གཞི་སྐྲུན་རོགས་བྱས་ཏེ་ལས་འགོ་བརྟན་པོར་བཙུགས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-04-11

མི་ཧུར་པོའི་མིག་ནང་དཔྱིད་སྔ་ཤར།། ཞིང་སོ་ནམ་ལས་ལ་བྲེལ་ཞིང་བརྩོན།། ཞེས་པ་ལྟར། ད་ལོ་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཅང་ཆུས་ཀྱིས་རང་ཁུལ་བྲག་མགོ་རྫོང་གི་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གོ་རིམ་ལྡན་པ་དང་ནུས་ལྡན་ངང་སྤེལ་བར་སྐུལ་འདེད་གཏོང་ཆེད། ཅིན་ཅང་ཆུས་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་དྲུག་པས་ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་ནས་ལོ་འདིའི་རོགས་སྐྲུན་ལས་གཞིའི་འཛུགས་སྐྲུན་འགོ་ཚུགས་པར་དམིགས་ནས་བྲག་མགོ་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་། ཡུལ་ཤོག་གྲོང་སྡེ། ཆེད་མཁས་ཚོགས་པ་བཅས་དང་མཉམ་འབྲེལ་བྱས་ནས་ཆེད་དོན་བརྟག་ཞིབ་དང་། དུས་མགོའི་གྲ་སྒྲིག་སོགས་ཀྱི་ལས་དོན་སྤེལ་ནས་ལོ་ཧྲིལ་པོའི་ལས་དོན་སྔོན་ནས་གྲ་སྒྲིག་དང་སྔོན་ལ་སྒྲུབ་པ། སྔོན་ལ་བསྐྱོད་པ་བཅས་འགན་ལེན་བྱས་པ་རེད།

ལས་ཀའི་ཆེད་དོན་འཛིན་གྲྭས་སྔ་རྗེས་སུ་ཡར་སྡེ་ཡུལ་ཤོག་སྤང་མར་མགོ་གྲོང་ཚོ་དང་ཤྭ་རྭ་ཐང་གྲོང་རྡལ་རྦ་དག་གྲོང་ཚོ། རྒྱལ་ལམ317པའི་སྤྱི་ལེ1314སོགས་སུ་བསྐྱོད་དེ་ཅིན་ཅང་ཆུས་ཀྱི་ཁ་གཏད་རོགས་སྐྱོར་ལས་གཞི་སྤེལ་ཚུལ་ལ་བརྟག་ཞིབ་ཐེངས་མང་བྱས་པ་དང་ལས་གཞི་ལས་དོན་སྤེལ་བར་འབྲེལ་མཐུད་གང་ལེགས་བྱས། ལས་ཡུལ་དངོས་ནས་གཞུང་དོན་བསྒྲུབས་ནས་ལས་གཞི་འཛུགས་སྐྲུན་ཐད་ཡོད་སྲིད་པའི་གནད་དོན་མཐུན་སྦྱོར་བྱས་ནས་ཐག་བཅད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཅིན་ཅང་ཆུས་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་གིས་སྤང་མར་མགོ་གྲོང་ཚོར་ལོ་ལྔའི་འཕེལ་རྒྱས་འཆར་འགོད་ཡག་པོ་བཟོས་ནས་གྲོང་ཚོའི་གནས་ཚུལ་དང་འཚམ་པའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ས་གནས་དེ་གའི་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྱི་ནས་ནག་ཐུམ་སྒྲིལ་དང་བྲིན་ཚོང་ལས་དོན་ལེགས་པོ་སྒྲུབ་ཅིང་། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་སྤུས་ལེགས་ཞིང་ལས་ཐོན་རྫས་གྲོང་ཁྱེར་གྱི་དུད་ཚང་མང་པོར་འཚོང་རོགས་བྱེད་པ་སོགས་བྱ་རྒྱུ་རེད། དེ་དང་ཆབས་ཅིག་གྲོང་ཚོ་ཡོངས་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་ཞིང་ལས་དང་ཡུལ་སྐོར་མཉམ་དུ་སྦྲེལ་བའི་ཁྱད་ལྡན་བོད་ཁྱིམ་གྲོང་སྡེའི་ཡུལ་སྐོར་གསར་སྤེལ་བྱས་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་དང་མི་སེར་གྱི་ཡོང་འབབ་སྤར་རྒྱུ་རེད། རྦ་དག་གྲོང་ཚོར་ཏང་འཛུགས་ཀྱི་ནུས་པ་ལ་བརྟེན་ཞིང་ཅིན་ཅང་གི་ཏང་འཛུགས་འདུ་ཤེས་སྤེལ་ནསAགསུམ་ལྗོངས་ཁུལ་སྐྲུན་པ་དང་། གྲོང་ཚོའི་ཐུན་མོང་དཔལ་འབྱོར་དང་ཁྱད་ལྡན་གནས་ཚང་ཐོན་ལས་འཕེལ་རྒྱས་གཏོང་བ་ཟུང་འབྲེལ་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྒུལ་ཤུགས་འཕེལ་རྒྱས་སུ་གཏང་རྒྱུ་རེད། ཆེད་ལས་ཇུས་འགོད་ཚོགས་པ་ནང་འདྲེན་བྱས་ནས་རྒྱལ་ལམ1314ཡི་བརྩེ་དུང་གླེང་ས་ལས་གཞི་ཚད་མཐོན་པོའི་སྒོ་ནས་ཇུས་འགོད་ཡག་པོ་བྱས་ཏེ་རྒྱུ་ཆ་སྔོག་པ་དང་། གཏམ་རྒྱུད་ལེགས་སྒྲིག། ཤུགས་ཆེན་པོས་ཚོང་གཉེར་འོས་སྦྱོར། ས་རྟགས་དབྱེ་འབྱེད་བྱེད་ཚད་མཐོ་རུ་གཏོང་བ་བཅས་ཀྱིས་རྫོང་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ་ཡུལ་སྡེ་དར་རྒྱས་གཏོང་བར་རོགས་རམ་བྱས་པ་རེད།།

  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་རྩྭ་སྔོན་སྐམ་པོ་ཏུན150སྤྲད་ནས་གནོད་འགོག་ཕྱུགས་སྲུང་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།