ལྕགས་ཟམ་རྫོང་གིས་དཔྱིད་རྨོད་ཞིང་ལས་རྒྱུ་ཆར་ཆེད་དོན་བཅོས་སྒྲིག་ནན་པོ་བྱས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-04-06

ད་སྔར་དཔྱིད་རྨོད་སོན་འདེབས་ཀྱི་དུས་སུ་སླེབས་ཡོད་པ་དང་། གསར་འགོད་པས་ལྕགས་ཟམ་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེས་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་དཔྱིད་རྨོད་ཞིང་ལས་རྒྱུ་ཆའི་ཆེད་དོན་བཅོས་སྒྲིག་ཤུགས་ཆེན་བྱས་ནས་ཞིང་ལས་ཐོན་རྫས་རྫུན་མ་དང་སྤུས་ཞན་ཁྲོམ་རར་བཏོན་ནས་ཞིང་པར་གནོད་འཚེ་མི་ཕོག་པ་བྱས་ཏེ་རྒྱ་ཆེ་བའི་ཞིང་པའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་པ་དང་ཆབས་ཅིག་དཔྱིད་རྨོད་གྲ་སྒྲིག་དང་དཔྱིད་རྨོད་ལ་འགན་སྲུང་བྱས་ཡོད།

རྫོང་དེས་ཞིང་པར་འབྲེལ་ཁྲིད་ཕྱུག་གསུམ་བྱེད་པའི་ཐོན་ལས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་གཞིགས་ཏེ་དམིགས་བསལ་སྒོས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་བྱས་ཡོད། ད་སྔའི་བར་དབུལ་པོར་བསྐྱར་ལོག་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང28ཀྱི་མི96བཀོད་པ་དང་ཞིང་ལས་མཛུབ་ཁྲིད་དང་ཞིང་ལས་རྒྱུ་ཆའི་ཁ་གསབ་ལག་བསྟར་བྱེད་ཅིང་ཞིང་ལས་རྒྱུ་ཆ་ཏུན150རིན་མེད་ངང་སྤྲད་པ་རེད།

དུས་མཉམ་དུ་རྫོང་དེས་དེང་རབས་གླིང་ཁུལ་གྱི་དཔྱིད་རྨོད་ཞིང་ལས་རྒྱུ་ཆ་དོ་དམ་ལ་ཤུགས་བརྒྱབ་ནས་དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་གླིང་ཁུལ་གྱི་མ་དངུལ་ཁ་གསབ་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཏེ་ཏན་དང་ལིན། ཅཱ་བཅས་ཀྱི་སྤྱིའི་འཚོ་བཅུད་འདུས་ཚད་བརྒྱ་ཆ51ལས་ཆེ་བ་ལྟར་ཞིབ་ཚགས་ཅན་དང་ཚན་རིག་ཅན་གྱི་དོ་དམ་ལག་བསྟར་ནན་པོ་བྱས། ད་སྔའི་བར་རིམ་རྩིས་བྱས་ན་རིགས་སོ་སོའི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་ཏུན50ལྷག་ཙམ་མཁོ་སྤྲོད་བྱས་ཡོད།

གཞན་ཡང་གནས་གཏན་འཁེལ་གྱི་ལྟ་སྐུལ་མཛུབ་ཁྲིད་དང་སྐབས་བསྟུན་ཟུར་བཤེར་བྱེད་སྟངས་གཞིར་བཟུང་ནས། རྫོང་དེས་རྫོང་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཁྲོམ་རར་ཡོངས་ལ་ཚགས་བཤེར་བྱས་ཡོད། ད་སྔའི་བར་ཞིང་ལས་ཐོན་རྫས་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཐེངས10སྤེལ་བ་དང་དག་ཐེར་གྱི་བརྡ་ཐོ3བཏང་ནས་ཁག3བཅོས་སྒྲིག་བྱས་པ་རེད།།



  • ལེ་ཚན་སྔོན་མ།:གསེར་རྟ་རྫོང་གིས་མེ་ཟོན་དྲིལ་བསྒྲགས་ཀྱི་ལས་ཀ་འདི་འདྲ་སྤེལ།
  • ལེ་ཚན་རྗེས་མ།:གསེར་རྟ་རྫོང་གིས་དཔྱིད་རྨོད་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་ཡག་པོ་བྱས།
  • དོ་སྣང་ཆེ་བའི་རྩོམ།