རྩིས་ཐོ་དམར་སྔོན་བཟོས་ཏེ་ཆུང་ས་ནས་ཡུལ་སྡེ་བཅོས་སྐྱོང་བྱེད་པའི་ཕན་འབྲས་ཆེ་རུ་བཏང་།

ལྷ་འཛོམས་ཀྱིས་བསྒྱུར།        2022-04-11

སྤྱི་ཟླ3པའི་ཚེས27ཉིན་ལ་གསར་འགོད་པ་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་རག་ཝ་ཡུལ་ཤོག་མཁས་སྨད་གྲོང་སྡེར་འགྲོ་སྐབས་མཐོ་སྒང་གྲོག་རོང་གི་སྦས་པའི་གནས་མཆོག་ཅིག་མིག་ལམ་དུ་འཆར།

རག་ཝ་ཡུལ་ཤོག་ལ་མཐོ་སྒང་གི་ཉམས་འགྱུར་ལྡན་ལ་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ཁྱད་དུ་འཕགས་པའི་ལེགས་ཆ་དང་ས་གནས་ཀྱི་ཁྱད་ཆོས་ཡོད། ཉེ་ཤས་རིང་རག་ཝ་ཡུལ་ཤོག་གིས་སྤོབས་པ་ཆེན་པོས་གྲོང་སྡེ་བཅོས་སྐྱོང་གི་ལམ་བུ་གསར་པ་འཚོལ་ཞིབ་དང་གཞི་རིམ་ཏང་འཛུགས་སྐྱོང་གི་ནུས་པ་བཏོན་ནས་མི་ཚང་མ་གྲོང་སྡེ་བཅོས་སྐྱོང་ནང་ཞུགས་རྒྱུའི་ནང་ཤུགས་ཆེ་རུ་བཏང་སྟེ་གཞི་རིམ་ཆུང་ས་ནས་བཅོས་སྐྱོང་བྱེད་པའི་ཕན་ནུས་ཆེ་རུ་བཏང་ཡོད།

ཁོར་ཡུག་འཕྲོད་བསྟེན་དཔེ་བཟང་བདམས་ནས་གྲོང་མི་ཚོའི་འགྲན་སེམས་བསླངས།

དེ་སྔར་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་ཅུང་ཞན་པས། ན་ནིང་སྡེ་བའི་མགོ་འཛིན་གྱིས་གྲོང་མི་ཚང་མ་མཉམ་དུ་འགུལ་བར་བསྐུལ་ཏེ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པ་དང་གྲོང་མི་དེར་ཞུགས་པའི་བྱ་ཐབས་སྤྱད་དེ་གཙང་སྦྲ་འཕྲོད་བསྟེན་དང་གསང་སྤྱོད་ཁང་བརྒྱབ་པས་མ་ཚད། ད་དུང་དཔྱད་བསྡུར་བྱས་ཏེ་གྲོང་སྡེ་ཡོངས་གཙང་ཞིང་མཛེས་པོར་བཟོས་པས་གྲོང་སྡེའི་རྣམ་པ་རིམ་བཞིན་ལེགས་སུ་ཕྱིན་ཡོད་ཅེས་གྲོང་མི་ཁང་རྙིང་ཤེས་རབ་ཀྱིས་སྤོབས་པ་ཆེན་པོས་དེ་ལྟར་བཤད་བྱུང་།

ཁང་རྙིང་ཤེས་རབ་ཀྱི་ཁྱིམ་དུ་སྐྱོད་སྐབས་རག་ཝ་ཡུལ་ཤོག་གི་གཙང་སྦྲ་དོད་པའི་ཁྱིམ་ཚང་ཞེས་པའི་སྐོར་སྐྱོད་དར་དམར་དེ་མིག་ལམ་དུ་མཐོང་བྱུང་། རག་ཝ་ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡུལ་དཔོན་ལུའོ་ཅའོ་ཡིས་དུས་ཚིགས་རེར་ང་ཚོས་དཔྱད་བསྡུར་ཐེངས་རེ་བྱས་ནས་དུད་ཚང88ཀྱི་ཁྱིམ་ནས་ཚད་གཞི་ལོན་པའི་ཁྱིམ་ཚང10ཐོག་མར་བདམས་ནས་གྲོང་མིའི་ཚོགས་ཆེན་འཚོགས་ཏེ། དེའི་ཐོག་གྲོང་མིས་མ་བསྐུལ་དང་ལེན་གྱིས་འདེམས་ཤོག་འཕངས་ནས་གཙང་སྦྲ་ལྡན་པའི་ཁྱིམ་ཚང་འདེམས་པ་དང་། དུད་ཚང་རེར་བྱ་དགའ་སྒོར100སྤྲད་རྒྱུ་བྱས་ཡོད། དེ་ནི་མ་རྩ་ཆུང་ངུས་གྲོང་མིའི་ཡ་རབས་ཡུལ་སྲོལ་ལ་སྐུལ་མ་གཏོང་གི་ཡོད་ཅེས་བཤད།

ལུའོ་ཅའོ་ཡི་བསམ་ཚུལ་ལྟར་ན། གྲོང་མིས་རང་སྐྱོང་བར་སྐུལ་སྤེལ་གཏང་དགོས་ན་སྐུལ་ལྕག་གཏོང་བའི་ལམ་སྲོལ་གསར་གཏོད་བྱ་རྒྱུར་འགག་རྩ་ཐུག་ཡོད། གཙང་སྦྲ་འཕྲོད་བསྟོན་དོད་པའི་ཁྱིམ་ཚང་ཞེས་པའི་དཔྱད་བསྡུར་བྱས་ནས་བྱ་དགའ་སྤྲོད་པའི་བྱ་ཐབས་སྤྱད་དེ་གྲོང་མིར་རང་སྐྱོང་བར་ལྕག་སྐུལ་བཏང་ནས་གྲོང་སྡེ་ནང་གི་དུད་ཚང་ཚང་མས་བྱ་སྤྱོད་དངོས་ལ་བརྟེན་ནས་མ་བསྐུལ་དང་བླངས་ངང་གྲོང་སྡེའི་ཁོར་ཡུག་བཅོས་སྐྱོང་ནང་ཞུགས་པར་བརྟེན་གྲོང་སྡེའི་རྣམ་པ་ཇེ་ལེགས་སུ་ཕྱིན་པ་དང་མཛེས་སྡུག་ལྡན་པའི་གྲོང་སྡེའི་རི་མོ་གསར་པ་ཞིག་མི་རྣམས་ཀྱི་མིག་ལམ་དུ་མངོན་པ་དེ་རེད།

རྩིས་ཐོ་དམར་སྔོན་བཟོས་ནས་གྲོང་སྡེ་བཅོས་སྐྱོང་རིག་ལྡན་ཅན་དུ་བསྒྱུར།

ན་ནིང་སྤྱི་ཟླ10པར་རག་ཝ་ཡུལ་ཤོག་གིས་ཆུང་ས་ནས་གཞི་རིམ་བཅོས་སྐྱོང་དང་ལག་ལེན་ཐོག་ནས་དམངས་ལ་ཞབས་འདེགས་ཞུ་བའི་རྩིས་ཁྲ་ཆེན་པོ་སྟེ། ཡུལ་ཤོག་ལས་བྱེད་པའི་པར་གཞི་དམར་པོ་དང་གྲོང་སྡེའི་ལས་བྱེད་པའི་པར་གཞི་སྔོན་པོ་བཟོས་ཡོད། ལས་རེས་ལས་བྱེད་པས་ཉིན་ལྟར་ཤེས་རྟོགས་བྱུང་བའི་གྲོང་སྡེ་རིམ་པའི་གནད་དོན་སྤྱི་བསྒྲགས་རེའུ་མིག་ཐོག་བྲིས་ཡོད།

ན་ནིང་གི་སྤྱི་ཟླ7པ་ནས་འགོ་བཙུགས་ཏེ་ད་ལོའི་སྤྱི་ཟླ3པའི་ཚེས17ཉིན་བར་རག་ཝ་ཡུལ་ཤོག་གིས་འགལ་བ་དང་མི་མངོན་པའི་རྐྱེན་ངན66ཐག་བཅད་ནས་ཟིན་ཐོའི་ནང་བཀོད་ཡོད། ཅེས་ཡུལ་དཔོན་ལུའོ་ཅའོ་ཡིས་དེ་ལྟར་བཤད་ཞོར་རྩིས་ཐོ་དམར་པོ་དང་སྔོན་པོའི་ཐོག་གི་ཟིན་ཐོའི་དོན་ཚན་རེ་རེ་བཞིན་བསྟན་པ་དང་རྩིས་ཐོའི་མཐུག་པོའི་ནང་གྲོང་སྡེའི་ཉིན་ལྟར་ཐག་གཅོད་བྱས་པའི་དོན་ཚན་སྣ་ཚོགས་ཞིབ་ཕྲ་བཀོད་འདུག།

ཉེ་ཆར་མཁས་སྨད་གྲོང་སྡེས་སྤྱི་ལེ8ཡོད་པའི་ཆུ་རྐ་བརྗེ་བའི་དོན་དག་གྲོས་བསྡུར་བྱེད་བཞིན་ཡོད། ཆུ་རྐ་བརྗེ་བ་ནི་དོན་དག་གསར་པ་ཞིག་མིན་མོད། འོན་ཀྱང་གྲོང་སྡེའི་ནང་གི་དོན་དག་གལ་ཆེན་ཡོད་ཚད་གྲོང་མིས་རང་སྐྱོང་ངང་གྲོས་མོལ་བྱ་དགོས་པས། གྲོང་སྡེའི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་གྲོས་འགོ་བཏོན་པ་དང་གྲོང་མི་ཚང་མས་དོན་དེའི་ཐད་ཀྱི་ལྟ་ཚུལ་བཤད་ཆོག། ལས་ཀའི་བརྒྱུད་རིམ་དེ་རིགས་ནི་ཉེ་བའི་ལོ་ཤས་རིང་མང་ཚོགས་ལས་དོན་ཐད་ཀྱི་འཚོལ་ཞིབ་གསར་པ་ཞིག་ཡིན་པ་དང་། སྔ་སྣུར་དུ་ཞུགས་པའི་ལམ་སྲོལ་བརྒྱུད་དེ་ཕྱོགས་ཁག་གི་བསམ་འཆར་ཉན་ནས་མང་ཚོགས་ཀྱི་ཞུགས་སེམས་སྔར་བས་ཆེ་རུ་ཕྱིན་ཡོད།

ལུའོ་ཅའོ་ཡིས་ཆུང་ས་ནས་ཡུལ་སྡེ་བཅོས་སྐྱོང་བྱས་ནས་ཡུལ་སྡེར་གསོན་ཤུགས་སྤེལ་བ་དང་། ཏང་འཛུགས་སྐྱོང་གིས་ཡུལ་སྡེ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། གྲོང་སྡེ་རིམ་པའི་ལས་དོན་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་ཡོང་བ། མང་ཚོགས་ཀྱིས་གནས་ཚུལ་གསལ་པོ་ཤེས་པ་བྱས་ནས་དང་ལས་བྱེད་པ་ཚོའི་ཧུར་སེམས་ཀྱང་སྔར་བས་ཆེ་རུ་སོང་གིན་ཡོད་ཅེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:དཀའ་ཚད་དང་འབད་ཚད། ཧུར་ཚད་བཅས་ཀྱིས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འབྱུང་ཚད་མཐོ་རུ་གཏང་དགོས།
  • ལེ་ཚན་རྗེས་མ།:ཕྱག་ཕྲེང་རྫོང་གི་ཡུལ་སྡེ་དར་རྒྱས་གཏོང་བར་ཐབས་མཆོག་མང་པོ་བཏོན།
  • དོ་སྣང་ཆེ་བའི་རྩོམ།