དཀའ་ཚད་དང་འབད་ཚད། ཧུར་ཚད་བཅས་ཀྱིས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འབྱུང་ཚད་མཐོ་རུ་གཏང་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2022-04-11

ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རིམས་ནད་འགོག་ཟོན་གྱི་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག།

དཀའ་ཚད་དང་འབད་ཚད། ཧུར་ཚད་བཅས་ཀྱིས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འབྱུང་ཚད་མཐོ་རུ་གཏང་དགོས་ཞེས་གསུངས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རིམས་ནད་འགོག་ཟོན་བཅས་ཀྱི་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཉེན་མེད་ཨུ་ལྷན་གྱི2022ལོའི་ཁོངས་མིའི་ཚོགས་འདུ་ཐེངས་གཉིས་པ་དང་དུས་ཚིགས་གཉིས་པའི་ཞིང་ཆེན་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ཤིང་སླད་ཕྱིན་གྱི་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་སོ་སོས་ཉེན་མེད་ཐོན་སྐྱེད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།རིམས་ནད་འགོག་ཟོན་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན། ཁུལ་བཅས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་སྟོབས་ཤུགས་ཆུང་དུ་མི་འགྲོ་བ་དང་བྱེད་ཐབས་ཉུང་དུ་མི་འགྲོ་བར་རྒྱུན་འཁྱོངས་ཏེ་འདུ་ཤེས་ཡོད་པ་དང་རྩིས་ཐོ་ཡོད་པ། བྱ་སྤྱོད་ཡོད་པ། ཕན་འབྲས་ཐོན་པ་བཅས་བྱས་ནས་དཀའ་ཚད་དང་འབད་ཚད། ཧུར་ཚད་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འབྱུང་ཚད་མཐོ་རུ་གཏང་གང་ཐུབ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་མགོ་ཁྲིད་ལི་ཆང་དང་ཧྥུང་ཅུན་ཧྥེང་།ལིའུ་ཙུང་ཅན།ཚེ་རིང་དབང་མོ་བཅས་ཚོགས་འདུར་ཞུགས་པ་རེད།

  • ལེ་ཚན་སྔོན་མ།:ཆབ་སྲིད་ཀྱི་ཤེས་ཚོར་དང་རྟོགས་ནུས་ཆེ་རུ་བཏང་ནས་ཁྱབ་ཁོངས་ཁག་གི་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་དགོས།
  • ལེ་ཚན་རྗེས་མ།:རྩིས་ཐོ་དམར་སྔོན་བཟོས་ཏེ་ཆུང་ས་ནས་ཡུལ་སྡེ་བཅོས་སྐྱོང་བྱེད་པའི་ཕན་འབྲས་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།