ཆབ་སྲིད་ཀྱི་ཤེས་ཚོར་དང་རྟོགས་ནུས་ཆེ་རུ་བཏང་ནས་ཁྱབ་ཁོངས་ཁག་གི་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2022-04-11

སྤྱི་ཟླ4ཚེས1ཉིན་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གིས་བདེ་འཇགས་འཛུགས་སྐྱོང་དང་གཙོ་གནད་ལས་དོན་གྱི་རྒྱུན་ལྡན་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་འབྲེལ་ཡོད་གཙོ་གནད་ལས་དོན་ལ་སྐུལ་འདེད་བཏང་ཚུལ་གྱི་སྙན་སེང་ལ་ཉན་འཇོག་དང་ཉེ་དུས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ལས་གཞི་གལ་ཆེན་ལ་སྐུལ་འདེད། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན། རིམས་ནད་འགོག་ཟོན། ཉེན་མེད་ཐོན་སྐྱེད།བརྟན་བརླིང་སྲུང་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་བཅས་ཚོགས་འདུར་ཞུགས་པ་རེད།

གྲོས་ཚོགས་ཐོག་བསྟན་དོན། ད་ལོ་ནས་བཟུང་། ཁུལ་དང་རྫོང་གི་མགོ་ཁྲིད་ཚན་པ་སྐབས་གསར་པས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། ཁུལ་ཨུའི“གཙོ་རྐང་གཅིག་རྒྱུན་འཁྱོངས་པ་དང་། དཔེ་སྟོན་ཁུལ་གཉིས་དང་རྟེན་གནས་གསུམ་སྐྲུན་པ། སྒུལ་ནུས་ཆེན་པོ་བཞི་སྐྱེད་སྲིང་། འཐབ་ཇུས་ཆེན་པོ་ལྔ་ལག་ལེན་བསྟར་བ”བཅས་ཀྱི་སྤྱིའི་ལས་དོན་གྱི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་འགོ་འཛུགས་པ་དང་ཤུགས་མཉམ་རྒྱག། འགོ་འཛུགས་པ་དང་དཔའ་སྔོན་ལེན་གྱི་སྒོ་ནས་ཡིད་ཆེས་བརྟན་པོ་དང་དངོས་གཉེར་དངོས་སྒྲུབ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་དང་རྣམ་པ་གསར་པ་ཐོན་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་ལས་འགན་གསར་པའི་མདུན་དུ་རིམ་ཁག་མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་ཏང་སྲིད་ཀྱི་མགོ་ཁྲིད་རྒན་པས་བསམ་བློ་གཅིག་གྱུར་དང་བྱས་རྗེས་ཧུར་ཐག་བཞག་ནས་ཆབ་སྲིད་ཀྱི་ཤེས་ཚོར་སྐྱེན་པོ་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས་ཆེ་རུ་གཏོང་བ་དང་། རྒྱུད་རིམ་གྱི་ལྟ་བ་དང་སྤྱི་ཡོངས་ཀྱི་ལྟ་བ་འཛིན་པ། གཙོ་གནད་ལས་དོན་ལ་དམིགས་ཏེ་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐབས་ཇུས་བཀོད་སྒྲིག་ཁག་གི་མཐའ་མའི་ཕན་འབྲས་ཐོན་པའི་འགན་ལེན་བྱེད་པ་དང་ཁྱབ་ཁོངས་ཁག་གི་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་བྱ་དགོས།

ཚོགས་འདུའི་ཐོག་བརྒྱད་ཟིལ་རྫོང་ཏང་ཨུ་དང་སྲིད་གཞུང་གིས“2·26”ནགས་ཚལ་མེ་སྐྱོན་ཐད་ལ་སྐྱོན་ཞིབ་གཏམ་བཤད་བྱས། ཧྥུང་ཧྥ་ཀུའེ་ཡིས་སྤྱི་ཟླ4པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་དང་དབྱང་ཧུང་ཧྲོའུ་ཡིས་བརྟན་བརླིང་སྲུང་སྐྱོང་དང་དེ་བཞིན་གྲོང་ཁོངས་བཅོས་སྐྱོང་སོགས་ཀྱི་ལས་དོན་བཀོད་སྒྲིག་གནང་བ་རེད།

  • ལེ་ཚན་སྔོན་མ།:སེམས་ཤུགས་དང་སྟོབས་ཤུགས་ཡོད་ཚད་ཉེན་རྟོག་ལས་དོན་ལ་ཕུལ་བའི་བུད་མེད་ཉེན་རྟོག་པ་ཞིག།
  • ལེ་ཚན་རྗེས་མ།:དཀའ་ཚད་དང་འབད་ཚད། ཧུར་ཚད་བཅས་ཀྱིས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འབྱུང་ཚད་མཐོ་རུ་གཏང་དགོས།
  • དོ་སྣང་ཆེ་བའི་རྩོམ།