དར་མདོས་རིམས་ཚུལ་འགོག་ཟོན་ལས་ཀ་འདི་འདྲ་སྒྲུབ་བཞིན་འདུག།

བདེ་ཆེན་གྱིས་བསྒྱུར།        2022-04-12

     དར་མདོ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ཚུལ་འགོག་ཟོན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་དོན། དར་མདོ་གྲོང་ཁྱེར་གྱིས་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་འགོག་ཟོན་ནུས་པ་སྔར་ལས་ཆེ་རུ་གཏོང་ཆེད། གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་ལྟར། དར་མདོ་གྲོང་ཁྱེར་གྲུ་ཤག་སྨན་ཁང་གིས་གྲོང་ཁྱེར་ཏང་གི་སློབ་གྲྭའི་སློབ་མའི་སྡོད་ཁང་གི་དེ་སྔའི་རྨང་གཞིའི་ཐོག་བསྐྱར་སྐྲུན་བྱས་པ་རེད།

 དར་མདོས་རིམས་ཚུལ་འགོག་ཟོན་ལས་ཀ་འདི་འདྲ་སྒྲུབ་བཞིན་འདུག།

     ཐེངས་འདིའི་བསྐྱར་སྐྲུན་ལ་གྲོང་ཁྱེར་ཚོང་དོན་དང་། སྤྱི་བདེ། འཕྲོད་བསྟེན་བདེ་ཐང་། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག། སྡོད་ཁང་འཛུགས་སྐྲུན། འགྲིམ་འགྲུལ་སོགས་སྡེ་ཁག་གི་སྟོབས་ཤུགས་མཐུན་སྦྱོར་ཐུབ་ཡོད། གྲུ་ཤག་སྨན་ཁང་འཆར་འགོད་དང་དངོས་རྫས་གསོག་འཇོག། མི་སྣ་དཔུང་ཁག་བཀོད་སྒྲིག། རྒྱབ་ཕྱོགས་ཀྱི་ཞབས་འདེགས་དངོས་རྫས་འགན་སྲུང་སོགས་ཀྱི་འབྲེལ་ཡོད་ལས་ཀར་ཐུན་མོང་ཐོག་བསྐུལ་བར་མ་ཟད། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་མགོ་ཁྲིད་དང་ཆེད་མཁས་པ་གདན་དྲངས་ནས་ལས་ཡུལ་དུ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་པ་རེད།

 དར་མདོས་རིམས་ཚུལ་འགོག་ཟོན་ལས་ཀ་འདི་འདྲ་སྒྲུབ་བཞིན་འདུག།
དར་མདོས་རིམས་ཚུལ་འགོག་ཟོན་ལས་ཀ་འདི་འདྲ་སྒྲུབ་བཞིན་འདུག།

     ད་ལྟ་སྐྲུན་བཞིན་པའི་གྲུ་ཤག་སྨན་ཁང་གི་བསྐྲུན་ཁྱོན་སྨི་གྲུ་བཞི་མ4400ལྷག་དང་ཁྱོན་ཉལ་ཁྲི200ཡོད་ཅིང་། ཁྱོན་ཉིན་བཅོ་ལྔའི་ནང་ཚུན་དུ་རྨང་གཞིའི་ལས་ཀ་འགྲུབ་དགོས་པར་བཀོད་སྒྲིག་བྱས་ཡོད།

དར་མདོས་རིམས་ཚུལ་འགོག་ཟོན་ལས་ཀ་འདི་འདྲ་སྒྲུབ་བཞིན་འདུག།
དར་མདོས་རིམས་ཚུལ་འགོག་ཟོན་ལས་ཀ་འདི་འདྲ་སྒྲུབ་བཞིན་འདུག།

     ཤེས་རྟོགས་བྱུང་བར་གཞིགས་ན། གྲུ་ཤག་སྨན་ཁང་བསྐྲུན་རྗེས་ཏོག་གསར་གློ་ཚད་ཀྱི་ནད་ཡམས་འཚུབ་བསྟུན་བཀོད་འདོམས་པུའུ་ཡིས་ཆེད་རམས་པའི་ཚོ་ཆུང་དང་མཉམ་འབྲེལ་ཐོག་དཔྱད་དཔོག་དང་ཞིབ་བཤེར་རྩིས་ལེན་བྱས་ཏེ་འཆར་འགོད་དམིགས་ཚད་དང་། འཛུགས་སྐྲུན་བརྒྱུད་རིམ་སྒྲིག་བཀོད། དངོས་ཟོག་དང་སྒྲིག་ཆས་གསོག་འཇོག། མི་སྣའི་དཔུང་ཁག་གསོ་སྦྱོང་བཅས་ལས་གནས་སུ་འབྱོར་རྒྱུའི་འགན་ལེན་བྱ་རྒྱུ་རེད།

  • ལེ་ཚན་སྔོན་མ།:རྫོང་འདིས་རི་ཀླུང་སྔོ་ལྗང་བསྐྲུན་པར་ལས་ཀ་འདི་འདྲ་སྒྲུབ།
  • ལེ་ཚན་རྗེས་མ།:པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།