རང་ཁུལ་གྱིས་གཙོ་གནད་ལས་གཞི220གཏན་འཁེལ་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2022-04-18

ཉེ་ཆར། དཀར་མཛེས་ཁུལ་གྱིས2022ལོའི་གཙོ་གནད་ལས་གཞི་དངོས་སུ་བཏོན་ནས2022ལོར་ཁུལ་གྱི་གཙོ་གནད་ལས་གཞི220གཏན་འཁེལ་བྱས་ཏེ་ལོ་འཁོར་གྱི་འཆར་གཞི་ནི་མ་དངུལ་སྒོར་དུང་ཕྱུར336.23འཇོག་རྒྱུ་ཡིན་པ་རེད། དེའི་ནང་མུ་མཐུད་སྐྲུན་པའི་ལས་གཞི143ལ་ལོ་འཁོར་གྱི་འཆར་གཞི་ནི་མ་དངུལ་སྒོར་དུང་ཕྱུར273.39འཇོག་རྒྱུ་ཡིན་པ་དང་། གསར་དུ་ལས་འགོ་ཚུགས་པའི་ལས་གཞི77ལ་ལོ་འཁོར་གྱི་འཆར་གཞི་ནི་མ་དངུལ་སྒོར་དུང་ཕྱུར62.84གཞག་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིར་ཕྱོགས་ལྔའི་ཐད་གཙོ་གནད་མངོན་གསལ་བྱ་རྒྱུ་ཡིན་པ་སྟེ། གཅིག་ནི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏང་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱ་དགོས་པ་དང་། གཉིས་ནི་ལེགས་ཆ་ཐོན་ལས་རྒྱ་སྐྱེད་མངོན་གསལ་དུ་གཏང་དགོས། གསུམ་ནི་སྤྱི་ཚོགས་དང་དམངས་འཚོའི་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བར་བྱ་དགོས། བཞི་ནི་སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་འབུར་དུ་ཐོན་པ་བྱ་དགོས། ལྔ་ནི་གཙོ་གནད་ནང་གི་གཙོ་གནད་འབུར་དུ་ཐོན་པ་བྱ་དགོས་པ་བཅས་རེད།། 

  • ལེ་ཚན་སྔོན་མ།:དེང་རབས་མཐོ་སྒང་ཁྱད་ཆོས་ཀྱི་ཞིང་འབྲོག་ལས་རྟེན་གཞི་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་དགོས།
  • ལེ་ཚན་རྗེས་མ།:ལི་ཐང་གི་འདེབས་གསོ་འཇོན་ཅན་གྱིས་ཡུལ་དངོས་སུ་དྲི་བ་བཏོན་པར་ཧང་ཀྲོའུ་ཆེད་རམས་པས་དྲྭ་ཐོག་ནས་ལན་བཏབ།
  • དོ་སྣང་ཆེ་བའི་རྩོམ།