ཁེ་རྡོ་གྲོང་རྡལ་དུ་ཇ་ལོ་འཐུ་བའི་དུས་ཚིགས་བཟང་ཤོས་ལ་སླེབས།

ཡེ་ཤེས་ཀྱིས་བསྒྱུར།        2022-04-15

ཁེ་རྡོ་གྲོང་རྡལ་དུ་ཇ་ལོ་འཐུ་བའི་དུས་ཚིགས་བཟང་ཤོས་ལ་སླེབས།

གནམ་གཤིས་དྲོན་པོར་གྱུར་ནས་དཔྱིད་ཇའི་མྱུ་གུ་འབུས་སུ་ཐོན་ཏེ་བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་དུ་དཔྱིད་ཇ་འཐུ་བའི་དུས་ཚིགས་བཟང་ཤོས་ལ་སླེབས་པ་རེད།

བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་གྱི་ཇ་ཤིང་ལྡུམ་རའི་ནང་དུ་དཔྱིད་ཇའི་དྲི་ཞིམ་གྱིས་ཁེངས་པའི་ཁྲོད། ཇ་འདེབས་ཞིང་པ་ཚོས་ཇ་ཤིང་ལྡུམ་རའི་ནང་བྱང་ཆ་ཡོད་པའི་སྒོ་ནས་ཇ་ལོ་གསར་པ་འཐུ་བའི་དུས་མཚུངས་སུ།གྲོང་རྡལ་གྱི་ཇ་ལོའི་ཉོ་ཚོང་ཚོང་རའི་ནང་འཁྲུག་ཆ་དེ་བས་དོད་པོ་ཡིན་པར་བརྟེན། ཇ་ལོ་གསར་པའི་ཉོ་ཚོང་ནི་ཐོན་སྐྱེད་དང་བྲིན་ཚོང་མཉམ་འཕེལ་གྱི་རྣམ་པ་མཚོན་པ་རེད།

ཉེ་བའི་ལོ་ཤས་རིང་ཁེ་རྡོ་གྲོང་རྡལ་གྱིས་ཇའི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་ཇ་འདེབས་ཞིང་པའི་ཐོན་ཚད་དང་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་སྤེལ་བྱས་པ་རེད། ད་ལོར་ཁེ་རྡོ་གྲོང་རྡལ་ཡོངས་ཀྱི་ཇ་ཤིང་ལྡུམ་རའི་རྒྱ་ཁྱོན་མུའུ3900ལ་ཟིན་ནས་གྲོང་རྡལ་ཡོངས་ཀྱི་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད་པ་རེད། མིག་སྔར་གྲོང་རྡལ་དེའི་ཇ་ལོ་ཐོན་སྐྱེད་ས་ཁོངས་སོ་སོའི་ཇ་ཤིང་ལྡུམ་རའི་ནང་གཅིག་རྗེས་གཉིས་མཐུད་དུ་ཇ་ལོ་གསར་པ་འཐུ་བའི་ཚ་རླབས་འཕྱུར་བཞིན་ཡོད་པ་རེད།།

ཁེ་རྡོ་གྲོང་རྡལ་དུ་ཇ་ལོ་འཐུ་བའི་དུས་ཚིགས་བཟང་ཤོས་ལ་སླེབས།
ཁེ་རྡོ་གྲོང་རྡལ་དུ་ཇ་ལོ་འཐུ་བའི་དུས་ཚིགས་བཟང་ཤོས་ལ་སླེབས།
ཁེ་རྡོ་གྲོང་རྡལ་དུ་ཇ་ལོ་འཐུ་བའི་དུས་ཚིགས་བཟང་ཤོས་ལ་སླེབས།



  • ལེ་ཚན་སྔོན་མ།:གསུང་རྩོམ་འདི་དག་མཇལ་དུས་དམ་པ་ཁོང་གཉིས་དྲན།
  • ལེ་ཚན་རྗེས་མ།:དེང་རབས་མཐོ་སྒང་ཁྱད་ཆོས་ཀྱི་ཞིང་འབྲོག་ལས་རྟེན་གཞི་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།