དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་གྱིས་མེ་གསོད་རྩལ་ནུས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ།

ཀུན་དགས་བསྒྱུར།        2022-04-18

ཉེ་ཆར། དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་གྱིས་ཆུ་འཐེན་འཕྲུལ་འཁོར་བཀོལ་སྤྱོད་ཀྱི་དྲག་རྩལ་འགྲན་བསྡུར་བྱེད་སྒོ་སྤེལ། གྲོང་སྡེ་སོ་སོའི་ཆེད་ལས་ཕྱེད་ཙམ་གྱི་མེ་གསོད་རུ་ཁག་གི་མེ་གསོད་རྩལ་ནུས་བཀོལ་སྤྱོད་དང་།མཐུན་སྦྱོར་གཞོགས་འདེགས།ཕྱོགས་བསྡུས་ནུས་པ་སོགས་བྱང་ཚད་ནུས་པར་ཞིབ་དཔྱད་བྱས་ཤིང་། གྲོང་སྡེ20ནས་ཡོང་བའི་མེ་གསོད་རུ་ཁག20འགྲན་བསྡུར་ནང་ཞུགས་ཡོད།

འགྲན་བསྡུར་དེར་རྒྱུ་ལའི་ནགས་ཚལ་རྩྭ་ཐང་ཆེད་ལས་མེ་གསོད་རུ་མིས་སྒྲིག་སྲོལ་འགྲེལ་བཤད་བརྒྱབ་པ་དང་འབྲེལ།ཆུ་འཐེན་འཕྲུལ་འཁོར་བཀོལ་སྤྱོད་ཐད་ཆེད་ལས་མཛུབ་ཁྲིད་བྱས་ཡོད། དེའི་རྗེས་རུ་ཁག20ཡིས་བླང་བྱ་ལྟར་རིམ་པ་བཞིན་ཆུ་འཐེན་འཕྲུལ་འཁོར་བཙུགས་ཏེ་འགྲན་བསྡུར་བྱེད་འགོ་ཚུགས་པ་དང་ལྟད་མོ་ལྟ་མཁན་ཚོའི་འབོད་སྒྲའི་ཁྲོད་འགྲན་ཞུགས་རུ་མིས་མགྱོགས་མྱུར་ངང་ཆུ་འཐེན་འཕྲུལ་འཁོར་གཏོང་བ་དང་།ཆུ་སྦུག་བཟོ་བ།འབྲེལ་མཐུད་བྱེད་པ་བཅས་བྱས་ནས་རུ་མི་ཚོའི་དབར་ལས་བགོས་མཉམ་ལས་དང་གཞོགས་འདེགས་ཧུར་ཐག་བྱས་ཡོད། འགྲན་བསྡུར་བྱས་པར་བརྒྱུད་ཚང་མོ་དང་ལི་ཚེ་གྲོང་སྡེའི་མེ་ཟོན་རུ་ཁག་ལ་རྒྱལ་ཁ་ཐོབ་པ་དང་། ཕྱིན་ཆད་གྲོང་སྡེ་དེ་གཉིས་ཀྱིས་སྐྱ་གད་གྲོང་རྡལ་གྱི་ཚབ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་དྲག་རྩལ་འགྲན་ཚོགས་ནང་ཞུགས་རྒྱུ་ཡིན་པ་རེད།

སྐྱ་གད་གྲོང་རྡལ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་སྔོན་འགོག་ལས་དོན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་ཚང་མ་གཙོ་བོ་གྲོང་སྡེའི་ལས་བྱེད་པ་དང་།ཏང་ཡོན།ཡུལ་དམག་སོགས་ལས་གྲུབ་ཡོད། ད་ཐེངས་ཀྱི་དྲག་རྩལ་འགྲན་བསྡུར་ནང་རུ་མི་ཚོའི་ཕྱོགས་བསྡུས་བྱང་ཚད་དང་ནུས་པར་ཞིབ་དཔྱད་བྱས་པར་མ་ཟད།འགྲན་ཞུགས་རུ་ཁག་གིས་དྲག་རྩལ་འགྲན་བསྡུར་ཁྲོད་ཧེ་བག་དང་ཞན་ཆ་མཐོང་ཐུབ་པ་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་ཐག་གཅོད་བྱེད་ནུས་ཇེ་དྲག་ཏུ་བཏང་སྟེ་ཕྱི་ཆན་སྦྱོང་བརྡར་སྲ་བརྟན་དང་ལེགས་སུ་གཏོང་ཆེད་ཁ་ཕྱོགས་ཡང་དག་འཚོལ་ཐུབ་ཡོད་ཅེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:ལི་ཐང་གི་འདེབས་གསོ་འཇོན་ཅན་གྱིས་ཡུལ་དངོས་སུ་དྲི་བ་བཏོན་པར་ཧང་ཀྲོའུ་ཆེད་རམས་པས་དྲྭ་ཐོག་ནས་ལན་བཏབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།