ནགས་མའི་ཚལ་ནས་ཟླ་བ་བཟུང་བ།

སྦྲང་བུ།        2022-04-18

ཚང་ཚིང་གྲོང་གི་ལྷ་མོ་བསྒུགས་ནས་བཞུགས།།

ངག་གི་ཚངས་དབྱངས་དད་པའི་དྲུང་དུ་འཁྱིལ།།

ཚུལ་འཆང་ཟླ་བའི་མཁའ་རུ་འཕགས་པའི་ལྷས།།

སྒྱུ་མའི་ཆུ་ཟླ་ངག་ལ་ཁེན་ཏེ་སླེབས།།

ཐུགས་ཀར་ཟླ་བའི་འོད་ཟེར་ངག་ཏུ་བྱོན།།

བདག་ཉིད་ལ་ནི་གསེར་གྱི་སྐྱ་རེངས་གནང་།།

ལྷ་མོ་དེ་ནི་ཡིད་འཕྲོག་ལས་ཀྱིས་གནང་།།

སྤྲིན་དཀར་ཚོགས་སུ་མེ་ཏོག་མཆོད་ཀྱིན་འདུག།

ལྷ་མོ་དེ་ནི་གསེར་གྱི་ནོར་འཛིན་དུ།།

དངོས་གྲུབ་ཟེགས་མའི་ཟླ་བའི་མེ་ལོང་མ།།

ཆེམ་ཆེམ་ངང་གིས་ཆེམ་ཆེམ་འོད་དུ་བསྐུས།།

ནགས་མའི་ཚལ་གྱི་འཕགས་མ་བདེ་སྟོང་མ།།

ཕ་རོལ་གཞས་ཀྱི་གསང་བ་གནད་དུ་གྲོལ།།

ཟླ་བ་སྤྲིན་ལ་དགའ་བས་ན།།

ཉི་མ་ལ་ནི་འཁོན་ཞིག་གཡོ།།

སྤྲིན་དཀར་འོག་གི་ལྷ་མོ་ཁོང་།།

འཛུམ་གྱི་ཞལ་ཆུང་བདག་ལ་འཁོར།།

མེ་ཏོག་ཞལ་དཀར་སུམ་བརྩེགས་མ།།

ཕོ་བྲང་གན་གྱི་ཁྲུང་ཁྲུང་ཁྱུ།།

འཕགས་མ་ལྷ་མོ་གཞི་སྟེང་ན།།

ས་རུ་བབས་ཏེ་གར་མར་སྤྲུལ།།

མགུར་དེ་བསོད་ནམས་བཟང་པོའི་ཚོགས།།

མགུར་དེ་དབྱངས་ཅན་ཟླ་བའི་ཚོགས།།

ས་རུ་འཛིན་པའི་ངག་གི་དཔལ།།

བདེ་སྟོང་ལྷ་མོའི་འདབ་མའི་ཚོགས།།

སྣང་སྟོང་གཉིས་སུ་ཟླ་བར་སྤྲུལ།།

སུམ་རྩེན་གདན་གྱི་ཕ་རོལ་དུ།།

མཚོ་བྱུང་ལྷ་མོ་སླར་ཕེབས་ཏེ།།

དངོས་གྲུབ་མེ་ཏོག་དྲི་བསུང་ཅན།།

ཀླུ་མོ་དང་ནི་མཁའ་འགྲོའི་ཚོགས།།

སྣ་རུ་བརྒྱུས་པའི་གཡང་གི་རྫས།།

དེ་ཡང་ཟླ་བའི་ཕྲེང་བ་རུ།།

གསེར་གྱི་མདུད་པ་ལྷང་ལྷང་ལྷང་།།

ཁྱེད་ཉིད་ཐུགས་ཀ་འོད་ཟེར་ཅན།།

ནོར་འཛིན་པང་དུ་ལོག་ཕེབས་བསྒུག།

ངག་ནི་ཁྱེད་ལ་མཆོད་པའི་རྫས།།

བསླུ་མེད་མཚོ་མོའི་ངང་གི་སྒྲ།།

དང་བ་འདྲེན་པའི་ཕྱི་མ་མཆོག།

པ་སངས་ལྷ་མོ་ངག་གིས་བླངས་པའི་ཟླ་བའི་སྲས།།

རི་བོང་འཛིན་པའི་གྲོང་གི་དཀྱིལ་ན་འོད་ཆེམ་ཆེམ།།

ཁྱེད་ཉིད་ལ་ནི་སྒྱུ་འཕྲུལ་གཞུང་གི་མཆོད་པའི་ལྷ།།

འོད་ཟེར་སྟོང་གི་རྨི་ལམ་ཕྱུག་པའི་དབྱངས་ཀྱི་གཏེར།།

ཀྱེ་བོས་པའི་ཚངས་པའི་ངག་གི་དཔལ།།

མཁའ་ལྷ་མོ་བོས་པའི་ངག་གི་དབྱངས།།

གསེར་ཆེམ་ཆེམ་ནང་གི་འཕགས་མ་ཁོང་།།

ཟླ་ཕྲེང་བའི་པང་དུ་དབྱངས་ཤིག་གསོན།།

དབྱངས་སོ་མའི་གྲེ་བ་ལྷ་ལ་མཆོད།།

རྨི་ལམ་དེ་རུ་ལྷ་མོ་སྐོར་ཅིག་བྱོན།།

གསེར་གྱི་ས་གཞི་ལྷ་དང་ལྷ་མོས་ཁྱབ།།

རྟེན་འབྲེལ་ཡངས་པའི་རྨི་ལམ་ཞིང་དུ་ན།།

ཚང་ཚིང་ནགས་ཀྱི་རྣལ་འབྱོར་ཟླ་བ་ཀྱེ།།

ཨ་སྔོན་མེ་ཏོག་གམ་གྱི་ངག་གི་དཔལ།།

བདག་ལ་གནོངས་དང་སྙིང་གི་མ་མ་མཆོག།

  • ལེ་ཚན་སྔོན་མ།:ཐོལ་བྱུང་ཤོར་བའི་ངག་མགུར།
  • ལེ་ཚན་རྗེས་མ།:ཚོར་བའི་རྒྱང་གླུ།