རང་ཁུལ་གྱིས་ལས་གཞི220ལ་མ་དངུལ་སྒོར་དུང་ཕྱུར336གཏང་འཆར་ཡོད།

བདེ་སྐྱིད་བསྒྱུར།        2022-04-19

     ཉེ་ཆར།   དཀར་མཛེས་ཁུལ་གྱིས2022ལོའི་གཙོ་གནད་ལས་གཞི220གཏན་འཁེལ་བྱས་ཏེ་ལོ་འཁོར་གྱི་འཆར་གཞི་ལ་མ་དངུལ་སྒོར་དུང་ཕྱུར336.23གཏང་རྒྱུ་ཡིན་པ་རེད། དེའི་ནང་མུ་མཐུད་སྐྲུན་པའི་ལས་གཞི143ལ་ལོ་འཁོར་གྱི་འཆར་གཞི་མ་དངུལ་སྒོར་དུང་ཕྱུར273.39གཏང་རྒྱུ་ཡིན་པ་དང་། གསར་དུ་ལས་འགོ་ཚུགས་པའི་ལས་གཞི77ལ་ལོ་འཁོར་གྱི་འཆར་གཞི་ མ་དངུལ་སྒོར་དུང་ཕྱུར62.84གཏང་རྒྱུ་ཡིན་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིར་ཕྱོགས་ལྔའི་ཐད་མངོན་གསལ་བྱ་རྒྱུ་ཡིན་པ་སྟེ། གཅིག་ནི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏང་ དང་། གཉིས་ནི་ལེགས་ཆ་ཐོན་ལས་རྒྱ་སྐྱེད་མངོན་གསལ་དུ་གཏང་རྒྱུ། གསུམ་ནི་སྤྱི་ཚོགས་དང་དམངས་འཚོའི་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བར་བྱ་རྒྱུ། བཞི་ནི་སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་འབུར་དུ་ཐོན་པ་བྱ་རྒྱུ། ལྔ་ནི་གཙོ་གནད་ནང་གི་གཙོ་གནད་མངོན་གསལ་བྱ་རྒྱུ་བཅས་རེད།།


  • ལེ་ཚན་སྔོན་མ།:མི་སྒེར་དང་ཐུན་མོང་འདི་གཉིས་ལ་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་བོད་ཡིག་སློབ་འབྲིང་གིས་མཛའ་བརྩེའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།