རྟའུ་རྫོང་གིས་ཞིང་ནང་ལྟ་སྐུལ་བྱས་ནས་དཔྱིད་རྨོས་ཐོན་སྐྱེད་འགན་ལེན་བྱས།

    གངས་ལྗོངས་ཉི་གཞོན།    2022-05-07

རྟའུ་རྫོང་གིས་ཞིང་ནང་ལྟ་སྐུལ་བྱས་ནས་དཔྱིད་རྨོས་ཐོན་སྐྱེད་འགན་ལེན་བྱས།

        ཉིན་བསྟུད་མར་དྲོད་ཚད་ཏུའུ20ཙམ་ལ་སླེབས་ཤིང་། ལུང་ཤུར་དུ་གནས་པའི་རྟའུ་རྫོང་བཞག་བརྩི་གྲོང་རྡལ་གྱིས་དཔྱིད་རྨོས་ཐོན་སྐྱེད་བྱེད་འགོ་བཙུགས་ཏེ། གནམ་གཤིས་བཟང་བའི་སྐབས་དང་བསྟུན་ནས་གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་ཞིང་ནང་དུ་བསྐྱོད་དེ་ལོ་གཅིག་གི་དཀའ་སྤྱད་ལས་བརྩོན་གྱི་འགོ་ཚུགས་པ་རེད། དཔྱིད་རྨོས་དང་དཔྱིད་རྨོས་གྲ་སྒྲིག་གི་ལས་ཀ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། སྤྱི་ཟླ4པ་ནས་བཟུང་རྫོང་དེའི་རྫོང་དང་ཤང་རིམ་པ་གཉིས་ཀྱི་སྒྲིག་ཨུས་དཔྱིད་རྨོས་དངོས་ཟོག་མཁོ་སྤྲོད་དང་། ཞིང་ལས་ལག་རྩལ་ཞབས་ཞུ། ཞིང་འབྲེལ་ཁ་གསབ་མ་དངུལ་སྤྲོད་པ་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས་མདུན་སར་བསྐྱོད་དེ་ལྟ་སྐུལ་ཞིབ་བཤེར་ཟབ་སྤེལ་བྱས་ཏེ་དཔྱིད་རྨོས་ཐོན་སྐྱེད་ལ་སྐུལ་འདེད་ནུས་ལྡན་བྱས་པ་རེད། །  

རྟའུ་རྫོང་གིས་ཞིང་ནང་ལྟ་སྐུལ་བྱས་ནས་དཔྱིད་རྨོས་ཐོན་སྐྱེད་འགན་ལེན་བྱས།



  • ལེ་ཚན་སྔོན་མ།:ལི་ཐང་གི་དྲྭ་གྲགས་གཞོན་ནུ་གཉིས་ཀྱིས་འདི་འདྲ་བྱས་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།