པའེ་ཧོ་ཕིང་གི་ཕྱུག་འགྱུར་ཐབས་མཆོག

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-05-05

པའེ་ཧོ་ཕིང་གི་ཕྱུག་འགྱུར་ཐབས་མཆོག

རྩོམ་སྒྲིག་པའི་གཏམ།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པས་ཁུལ་ཡོངས་ཀྱི་འབྱུང་འགྱུར་ལོ་ལྔའི་རིང་གི་ལས་དོན་ཁག་ལ་འཐབ་ཇུས་ཇུས་འགོད་བྱས་ཏེ་ཁུལ་ཨུའི་སྤྱི་ཡོངས་ཀྱི་ལས་ཀའི་ཆགས་ཚུལ་བཏོན་ཡོད་པ་རེད། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ། ཏང་འཛུགས་སྐྱོང་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་བ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། ཡུལ་སྡེ་དར་རྒྱས་གཏོང་བར་རོགས་སྐྱོར་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་སྐོང་འཚོགས་བྱེད་པར་བསུ་མ་ཞུ་ཆེད། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་ད་རེས་ནས་བཟུང《རྒྱང་སྐྱོད་གསར་པར་འབད་འབུངས།དུས་རབས་གསར་པར་བྱས་རྗེས་བཞག་ནས་དམར་དམག་གིས་ཞབས་རྗེས་བཞག་མྱོང་བའི་ས་ཆ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོག་པ་བསུ་མ་བྱེད》ཅེས་པའི་ལེ་ཚན་བཏོན་ནས་ཏང་གི་འགོ་ཁྲིད་འོག། དེའི་སྐབས་སུ་དམར་དམག་བརྒྱུད་མྱོང་བའི་དཀར་མཛེས་ཁུལ་གྱི་ས་གཞི་ཆེ་མོར་འགྱུར་ལྡོག་བྱུང་ལུགས་སྐོར་ལྷུག་བརྗོད་བྱ་རྒྱུ་ཡིན་པས་ཚང་མས་དོ་སྣང་བྱ་རོགས་ལགས།

ཡུལ་སྡེའི་མིང་བྱང་།

1935ལོའི་སྤྱི་ཟླ5པའི་ཚེས26ཉིན་གྱི་སྔ་དྲོར།མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ།ཀྲུའུ་ཏེ་སོགས་ཀྱིས་ལྕགས་ཟམ་ལེན་དགོས་པའི་བཀའ་ཕབ། འབོ་ཞབས་གྲོང་རྡལ་ནི་ལྕགས་ཟམ་ལེན་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ས་གནས་ཤིག་ཡིན་ཞིང་།སྤྱི་ཟླ5པའི་ཚེས27ཉིན་གྱི་སྔ་དྲོར།ཀྲུང་དབྱང་དམར་དམག་གི་གཡོན་ལམ་གཞུང་སྒྲིག་དཔུང་ཚོགས་དང་གཡས་ལམ་གཞུང་སྒྲིག་དཔུང་ཚོགས་རྒྱལ་མོ་རྔུལ་ཆུ་དེད་ནས་འབོ་ཞབས་གྲོང་རྡལ་དུ་སླེབས་པ་དང་། དེ་ནས་མུ་མཐུད་དེ་ལྕགས་ཟམ་ཁའི་ཕྱོགས་སུ་བསྐྱོད། དེའི་རིང་ཀུའེ་ཧྭ་ཕིང་དང་འབོ་ཞབས་གྲོང་རྡལ།གཉའ་རྒྱབ་སྒང་།མོ་ཀང་ལིང་སོགས་སྤྱི་ལེ40ལྷག་ལ་གསར་བརྗེའི་ལོ་རྒྱུས་ཀྱི་རྗེས་ཤུལ་དང་གསར་བརྗེའི་གཏམ་རྒྱུད་བཞག་ཡོད།

1935ལོའི་སྤྱི་ཟླ5པའི་ཚེས28ཉིན།དམར་དམག་གི་སྔོན་སྐྱོད་དམག་དཔུང་དང་ཀྲུང་དབྱང་དམར་དམག་སྔ་གཞུག་ཏུ་འབོ་ཞབས་གྲོང་རྡལ་དུ་འབྱོར་ཞིང་།སྔ་གཞུག་ཏུ་ཉིན་ཞག་བདུན་འགོར་རྗེས།དམར་དམག་བརྒྱུད་པའི་ས་ཆ་རེ་རེར་དམག་དམངས་བར་གྱི་མཛའ་བརྩེའི་གཏམ་རྒྱུད་བཞག་ཡོད། 1935ལོའི་སྤྱི་ཟླ5པའི་ཚེས29ཉིན་གྱི་མཚན་མོར་མའོ་ཙེ་ཏུང་དང་ཀྲུའུ་ཏེ།ཀྲོའུ་ཨེན་ལའེ།ཝང་ཅ་ཞང་།ཀྲང་ཝུན་ཐེན།ཆིན་པང་ཞན།ཁྲེན་ཡུན།ཏེང་ཞའོ་ཕིང་སོགས་འབོ་ཞབས་གྲོང་རྡལ་གྱི་གནམ་བདག་ཆོས་ཁང་དུ་ཞག་སྡོད་བྱས། དེའི་རིང་འབོ་ཞབས་མང་ཚོགས་ཀྱིས་རང་འགུལ་ངང་དམར་དམག་ལ་བུད་ཤིང་སྐྱེལ་བ་དང་ལམ་འཁྲིད་པ། དངོས་ཟོག་སྐྱེལ་འདྲེན་དང་སྨན་བཅོས་བཅས་བྱས། དམར་དམག་གིས་འབོ་ཞབས་མང་ཚོགས་སྐུལ་སློང་དང་།ཡུལ་གྱི་གཤེད་མ་གཏོར་བ།འབྲུ་མཛོད་ཕྱེ་ནས་དབུལ་ཕོངས་མང་ཚོགས་ལ་འབྲུ་རིགས་གཏོང་སྤྲོད་བྱས། ད་བར་ལོ80ལྷག་འདས་རྗེས། དེའི་སྐབས་སུ་དམར་དམག་བརྒྱུད་མྱོང་བའི་དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབA5རིམ་པའི་མཛེས་ལྗོངས་ཁུལ་དུ་གྱུར་ཡོད།ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་འགོ་ཁྲིད་འོག་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཐབ་ཇུས་ལ་བརྟེན་ནས་དམངས་སྡོད་ཐོན་ལས་འཕེལ་རྒྱས་བཏང་བས་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པ་དང་འབྱོར་ཕྱུག་གི་འཚོ་བ་རོལ་རྒྱུ་བྱུང་ནས་གནའ་བོའི་འབོ་ཞབས་གྲོང་རྡལ་ལ་སྐྱེ་སྟོབས་ཀྱི་དཔལ་གྱིས་ཁེངས་ཡོད།

“སྦྱིན་བདག་ལགས། ང་ཚོ་ཉིན་བཅུར་སྡོད་དགོས” སྤྱི་ཟླ4པའི་ཚེས21ཉིན། པེ་ཅིང་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཀྲུའུ་ལགས་ཀྱིས་བདེ་ཐང་ཨང་རྟགས་དང་འགྲུལ་སྐྱོད་ཨང་རྟགས་བསྟན་པར་མ་ཟད། ཚ་དྲོད་འཇལ་རྗེས་སྤྲོ་དགའ་འཕེལ་བའི་ངང་ནས་དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་གྱི་འཆམ་མཐུན་གྲོང་སྡེར་ཡོད་པའི་སྒྲོན་ཤང་ཐང་ཆུ་ཚན་གསོལ་མགྲོན་ཁང་དུ་སླེབས།

“གནས་འདི་ནས་གངས་རིར་རྒྱང་བལྟ་བྱེད་ཆོག་ལ་ཉེ་འཁོར་དུ་ནགས་ཚལ་ཆུ་ཚན་ཡོད་པས་མགྲོ་ཁང་གི་ཁོར་ཡུག་སྐྱིད་པར་མ་ཟད་གུང་གསེང་གཏོང་གནས་ཤིན་ཏུ་འཚམ།”སྐུ་ཞབས་ཀྲུའུ་ལགས་ཀྱིས་གནས་འདིར་རིམས་ནད་ཀྱི་འགལ་རྐྱེན་མེད་ལ་རི་ཆུའི་བཀོད་པ་མཛེས་ཤིང་མཁའ་དབུགས་གཙང་། ཉིན་རྒྱུན་མལ་ལས་སད་སྐབས་བྱ་བྱེའུ་ཡི་སྐད་སྙན་སྒྲོག་པར་མ་ཟད་ཆུ་ཚན་ནང་དུ་ལུས་འཁྲུད་བྱེད་ཆོག་པས་བདེ་སྐྱིད་ལྷ་ཡི་ཡུལ་དང་གཉིས་སུ་མེད་ཅེས་འགྲེལ་བཤད་གནང་།

སྐུ་མགྲོན་ཚོས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་པ་ཐོས་འཕྲལ་ལོ་ན53ལོན་པའི་གསོལ་མགྲོན་ཁང་གི་སྦྱིན་བདག་པའེ་ཧོ་ཕིང་གི་སེམས་ལ་དགའ་སྤྲོའི་ཁེངས་ཤིང་སྐུ་མགྲོན་ལ་འགྲུལ་ཆས་འཁུར་རོགས་དང་ནང་འཇུག་སྐབས་ཀྱི་དོ་སྣང་བྱེད་ཡུལ་སོགས་གསལ་བཤད་བྱེད་བཞིན་ཡོད་པར་མ་ཟད་ད་དུང་གསོལ་མགྲོན་ཁང་གི་ཁྱད་ཆོས་དང་ལེགས་ཆ་ངོ་སྤྲོད་བྱས་པ་རེད།

པའེ་ཧོ་ཕིང་གིས“ངའི་གསོལ་མགྲོན་ཁང་ལོ་རེར་ཁང་གླ་སྒོར་ཁྲི30ཡིས་ཁྲེང་ཏུའུ་གྲོང་ཁྱེར་ཧྲོང་ལིའུ་ཆུས་ཡི་སྦྱིན་བདག་ཞིག་ལ་བོགས་གཡར་བྱས་ཡོད། སྤྱིར་གསོལ་མགྲོན་ཁང་གི་གཉེར་སྐྱོང་གནས་ཚུལ་ལ་སེམས་ཁྲལ་བྱེད་མི་དགོས་པར་བོགས་དངུལ་བསྡུས་ན་ཆོག་མོད། འོན་ཀྱང་ངས་ཁོ་ལ་ཚོང་ཡོད་ན་ད་གཟོད་ངའི་གསོལ་མགྲོལ་ཁང་རེ་བ་ཡོད་པ་ཤེས་པས་ལོ་འདི་དག་ལ་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པས་གསོལ་མགྲོན་ཁང་གི་གཉེར་སྐྱོང་ལ་དཀའ་ངལ་འཕྲད་ཀྱང་མགྲོན་པོ་ཡོད་ཚེ་སྦྱིན་བདག་ལ་རོགས་བྱས་ནས་ཞབས་ཞུ་ལེགས་པོ་བསྒྲུབས་པ་ཡིན” “རིམས་ནད་སྔོན་འགོག་དང་འཛིན་བྱ་རྒྱུར་མི་ཚང་མར་འགན་འཁྲི་ཡོད། རིམས་ནད་ཀྱིས་ཤུགས་རྐྱེན་ལ་གཞིགས་ནས་ངས་སྦྱིན་བདག་ལ་གླ་ཡུན་ནར་འགྱངས་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།

“ལོ་ངོ87གྱི་སྔོན་དུ་དམར་དམག་ང་ཚོའི་གྲོང་སྡེ་བརྒྱུད་པར་མ་ཟད་གནས་འདིར་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་བཞག” པའེ་ཧོ་ཕིང་ནི་དམར་དམག་གི་གཏམ་རྒྱུད་ལ་ཉན་ནས་ནར་སོན་པ་རེད། ལོ་དེར་དམར་དམག་གིས་ནགས་ཚལ་སྟུག་པོ་བརྒྱུད་ནས་རང་སྲོག་བློས་བཏང་གིས་དེ་རིང་གི་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན། དེ་སྔོན་འཆམ་མཐུན་གྲོང་སྡེར་གོམ་བརྒྱད་ལུང་པར་འབོད་ཅིང་། གྲོང་མིས་དམར་དམག་ལ་རྗེས་དྲན་བྱེད་ཆེད་གྲོང་སྡེའི་མིང་དེ་ད་ལྟའི་འཆམ་མཐུན་གྲོང་སྡེར་བསྒྱུར།

དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་གསར་སྤེལ་མ་བྱས་གོང་། འཆམ་མཐུན་གྲོང་སྡེ་ལུང་ཁུག་ཏུ་གནས་ཡོད་པས་འབོ་ཞབས་གྲོང་རྡལ་དུ་རི་ལམ་སྤྱི་ལེ7ཡོད་པ་དང་འབྲུ་རིགས་ཁུར་ནས་ཉིན་མཁོའི་དངོས་རྫས་ཉོ་བར་ཉིན་གཅིག་འགོར་གྱི་ཡོད། བྱིས་པའི་དུས་སུ་པའེ་ཧོ་ཕིང་རི་ལམ་གྱི་ལམ་ཐག་ཧ་ཅང་རིང་པོ་བརྒྱུད་ནས་ད་གཟོད་འབོ་ཞབས་གྲོང་རྡལ་དུ་སློབ་སྦྱོང་བྱེད་པར་འགྲོ་དགོས་ཀྱི་ཡོད། སློབ་ཆུང་མཐར་ཕྱིན་རྗེས་ཁོ་རང་ཕ་ཡུལ་དུ་ལོག་ནས་ཞིང་ལས་མི་གཉེར་ཁག་མེད་བྱུང་།

1987ལོའི་སྤྱི་ཟླ10པའི་ཚེས15ཉིན། དཀར་མཛེས་ཁུལ་གྱི་མཛེས་ལྗོངས་ཁུལ་དང་པོ་དུང་དཀར་ལུང་པ་མཛེས་ལྗོངས་ཁུལ་དངོས་སུ་སྒོ་ཕྱེས། འགྲིམ་འགྲུལ་སྟབས་མི་བདེ་བས་ལོ་ལྟར་ཡུལ་སྐོར་བ་ཧ་ཅང་ཉུང་མོད། པའེ་ཧོ་ཕིང་གིས་ཚོང་ལས་ཀྱི་གོ་སྐབས་མཐོང་ནས་སྲིབ་སྨད་རྫོང་དུ་རྟ་གཅིག་ཆད་འཇོག་བྱས་ནས་དབོར་འདྲེན་བྱེད་པར་སྤྱད། ཡུལ་སྐོར་བས་རྟ་ཆིབས་ནས་འཁྱགས་རོམ་བར་ཕར་འགྲོ་ཚུར་འོང་བྱས་ན་སྒོར38རག་པ་དང་ཟླ་གཅིག་ལ་སྒོར500ལྷག་གི་ཡོང་འབབ་ཡོད་པ་རེད།

“རྟ་ཁྲིད་པར་དཀའ་ངལ་ཆེན་པོ་ཡོད་མོད་ཡོང་འབབ་མང་པོ་ཡོད” པའེ་ཧོ་ཕིང་དེ་སྔོན་དུང་དཀར་ལུང་པར་ཡོང་ནས་གངས་དཀར་རི་བོ་བརྙན་ལེན་པའི་ལྗར་པན་གྱི་གསར་འགོད་པ་གཉིས་ལ་རྟ་ཁྲིད་མྱོང་བ་དང་གསར་འགོད་པ་གཉིས་ཀྱིས་ཁོས་རྟ་ཁྲིད་པར་པར་བླངས་པ་མ་ཟད་རྗེས་སུ་སྦྲགས་སྲིད་བརྒྱུད་ནས་པའེ་ཧོ་ཕིང་ལ་བསྐུར་བ་རེད། རྟ་ཁྲིད1995ལོའི་བར་དུ་རྒྱུན་འཁྱོངས་བྱས། པའེ་ཧོ་ཕིང་གིས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕན་འབྲས་ཐོབ་པས་མཛེས་ལྗོངས་ཁུལ་དུ་གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་སླར་ཡང་འདྲུད་ཤིང་འདེགས་པའི་ལས་ལ་གཞོལ་ཞིང་ཀན་ཧོ་པ་ནས་འཁྱགས་རོམ་བར་ཕྱོགས་རྐྱང་པར་ཡོང་འབབ་སྒོར30རག་པ་དང་ཉིན་གཅིག་ལ་ཡོང་འབབ་སྒོར200རག་གི་ཡོད།

འབྲེང་ཟམ་ས་ཚུགས་བསྐྲུན་ནས་བེད་སྤྱོད་གཏོང་འགོ་ཚུགས། པའེ་ཧོ་ཕིང་གིས་ཡང་བསྲེགས་ཟས་དང་ཤ་ཁུ་འཚོང་བའི་ཚོང་གཉེར་བྱས་ཤིང་ཉིན་རེར་ཡོང་འབབ་སྒོར300རག་གི་ཡོད་པ་རེད།

“དུང་དཀར་ལུང་པ་གསར་སྤེལ་མ་བྱས་ན་ང་ལ་ད་རིང་གི་བདེ་སྐྱིད་ཀྱི་འཚོ་བ་མེད” པའེ་ཧོ་ཕིང་གིས་དུང་དཀར་ལུང་པ་འཕེལ་རྒྱས་བདེན་དཔང་བྱས་པ་དང་ཁེ་ཕན་ཐོབ་མཁན་ཆེ་ཤོས་ཀྱང་རེད། ཁོས་མ་དངུལ་ངེས་ཅན་ཞིག་བསགས་རྗེས2011ལོར་སྒོར་ཁྲི80བཏང་ནས་གནས་ཚང་བརྒྱབ་པ་དང་། ཚོང་ལས་ཉིན་རེ་བཞིན་ཇེ་ཡག་ཏུ་སོང་བ་དང་བསྟུན་ནས་མ་དངུལ་སྒོར་ཁྲི300མང་དུ་བཏང་ནས་གནས་ཚང་རྒྱ་སྐྱེད་བྱས་ནས་གནས་ཚང་གི་སྣེ་ལེན་བྱེད་ནུས་སྡོད་ཁང45ལ་ཟིན་། ཆུ་ཚན་གྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་ཅང་སུའུ་དང་ཀྲེ་ཅང་། པེ་ཅིན། ཧྲང་ཧའེ། ཀོང་ཀྲོའུ་སོགས་ས་ཁུལ་གྱི་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ།

“ངས་སྦྱིན་བདག་བར་ལོ10ཡི་གན་རྒྱ་བཞག་ཡོད། ཡོང་འབབ་ཁྱོན་བསྡོམས་སྒོར་ཁྲི300འདུག” པའེ་ཧོ་ཕིང་དགའ་སྤྲོའི་ངང་བུ་མོ་ཆེ་བ་ཧྲེན་ཀྲེན་དུ་ལས་ཞུགས་བྱེད་བཞིན་ཡོད་པ་དང་བུ་མོ་ཆུང་བ་ཁྲེང་ཏུའུ་རུ་ལས་ཞུགས་བྱེད་ཀྱི་ཡོད་པས་ཁོ་རང་གི་ཡོང་འབབ་ཀྱིས་ཁོ་བོ་འབྱོར་འབྲིང་འཚོ་བ་སྐྱེལ་ཐུབ་ངེས་རེད་ཅེས་བཤད། ཁོ་ལ་གཅེན་གཅུང་དྲུག་ཡོད་ཅིང་དེའི་ནང་གཅེན་གཅུང་གསུམ་གྱིས་གནས་ཚང་ཕྱེས་ནས་ཚོང་རྒྱག་གི་ཡོད། ཕུ་བོ་གསུམ་པས་ཕྱེ་པའི་གངས་དཀར་ཁུ་བྱུག་གནས་ཚང་ནི་ཁོའི་ཁྱིམ་འགྲམ་དུ་ཡོད་པ་དང་རང་བདག་གཉེར་སྐྱོང་བྱེད་བཞིན་ཡོད་པས་ཚོང་ཧ་ཅང་བྲིན།

“ལོ་རེའི་ཡོང་འབབ་སྒོར་ཁྲི10ལ་ཟིན་པ་དེ་ང་ཚོའི་གྲོང་སྡེ་ལ་དེ་ཙམ་མང་པོ་མེད” པའེ་ཧོ་ཕིང་གིས་དགའ་སྤྲོའི་ངང་ནས་སྐུ་མགྲོན་མགྲོན་ཁང་དུ་སྡོད་སྐབས་ཁོ་ཚོས་མགྲོན་པོ་ཚོར་དུང་དཀར་ལུང་པ་མཛེས་ལྗོངས་ཁུལ་ངོ་སྤྲོད་བྱས་པར་མ་ཟད། ད་དུང་སྐུ་མགྲོན་ཚོར་དམར་དམག་རྒྱང་སྐྱོད་སྐབས་གྲོང་སྡེ་ལ་ཐོན་པའི་གཏམ་རྒྱུད་འགྲེལ་བཤད་བརྒྱབ་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་ཏང་གི་མགོ་ཁྲིད་འོག་དུས་རབས་གསར་པའི“རྒྱང་སྐྱོད་ལམ་བུར”བསྐྱོད་རྒྱུ་ཡིན་ཞེས་བཤད།

སྔོ་ལྗང་གི་ལམ་བུའི་ཐོག་སྐྱོད་སྐབས་གྲལ་སྟར་འགྲིག་པའི་གནས་ཚང་གཅིག་རྗེས་གཉིས་མཐུད་དུ་ཆགས་ཡོད་པ་དང་། གནས་ཚང་རེ་རེའི་ར་སྐོར་ནང་དུ་ས་གནས་སོ་སོ་ནས་ཡོང་བའི་རླངས་འཁོར་བཞག་ཡོད་ལ་དེ་སྔའི་དབུལ་ཕོངས་ཡིན་པའི་གྲོང་མི་གནས་ཚང་གི་སྦྱིན་བདག་ཏུ་གྱུར། བདེ་སྐྱིད་ཀྱི་བཞིན་རས་ལས་མངོན་པའི་གྲོང་མི་ཚོར་ཡིད་ཆེ་ཀྱིས་ཁེངས་ནས་ཡུལ་སྡེ་དར་རྒྱས་ཀྱི་ལམ་ཆེན་ཐོག་ཏུ་བསྐྱོད་བཞིན་འདུག།



  • ལེ་ཚན་སྔོན་མ།:ཕེང་ཀུ་ཤུ་ལས་བྱུང་བའི་འཚོ་བ་སྐྱིད་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།