རང་ཁུལ་གྱིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་པའི་ལས་ཀའི་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2022-04-27

ཉེ་ཆར། རང་ཁུལ་གྱིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་འཛུགས་པའི་ལས་ཀའི་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས་དང་པོ་དར་མདོར་འཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡན་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་སྐྱེ་ཁམས་དཔལ་ཡན་འཛུགས་སྐྱོང་ལ་སྐུལ་འདེད་གཏང་རྒྱུའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་པ་དང་། དཀར་མཛེས་ཁུལ་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གཏོད་པའི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། གནད་དོན་གྱི་ཞན་ཆར་དམིགས་ནས་རེ་རེ་བཞིན་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ། དཔེ་སྟོན་ཁུལ་གཏོད་པའི་གཙོ་གནད་ལས་འགན་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། དཀར་མཛེས་ཁུལ་གྱི་སྔོན་ཞིང་གཙང་བའི་རི་ཆུ་དང་རྩྭ་ཐང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱས་པ་རེད།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཁུལ་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གྱི་ལས་ཀའི་མགོ་ཁྲིད་ཚོ་ཆུང་གི་རྒྱུན་ལས་ཚོགས་དཔོན་གཞོན་པ་ལེ་ཅན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཚོགས་འདུའི་ཐོག་འགག་རྩའི་གཙོ་གནད་ལ་དམིགས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་གོ་སྐབས་དམ་འཛིན། ཚད་གཞིའི་རེའུ་མིག་ནན་དུ་གཏང་དགོས། ཞན་ཆ་སེལ་བ་དང་ཞན་ཆ་སེལ་རྒྱུར་སྔར་བས་བརྒྱག་དགོས། གོ་རིམ་དང་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་དམིགས་ཡུལ་དམ་འཛིན་གནད་དུ་འཁེལ་བ། ལེ་ལག་ཆ་ཚང་སྒྲིག་རྒྱུར་དམ་འཛིན། གཙོ་གནད་ལ་དམ་འཛིན། རྣམ་གྲངས་དམ་འཛིན་དང་ཁྲིད་སྟོན་དམ་འཛིན་ཡག་པོ་བཅས་བྱས་ནས་འགན་འཁྲི་འཁུར་ཐུབ་པ་དང་། ལས་དོན་དམ་འཛིན་ཐུབ་པ། གྲུབ་འབྲས་དངོས་ཐོན་པ་བཅས་བྱ་དགོས། རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་བརྒྱབ་སྟེ། བློ་བརྟན་འགྱུར་མེད་ཀྱིས་རྩ་འཛུགས་མགོ་ཁྲིད་ཀྱིས་འགན་འཁྲི་ནན་དུ་གཏོང་བ་དང་། སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་ལྟ་ཞིབ་དཔྱད་ཞིབ་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གཏོད་རྒྱུར་ནུས་ལྡན་དང་གོ་རིམ་ལྡན་པ། བྱ་སྤྱོད་སྤེལ་ནས་ཕན་འབྲས་ཐོན་པ། གཏིང་ཟབ་དང་ཏན་ཏིག་བཅས་ཡོང་བའི་འགན་ལེན་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཐོན་ཁུངས་དོ་དམ་ཨུ་ལྷན་གྱི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གངས་ལྗོངས་མཐོ་སྒང་དུ་བདེ་སྐྱིད་ཀྱི་མེ་ཏོག་བཞད།
  • དོ་སྣང་ཆེ་བའི་རྩོམ།