ཁུལ་ཡོངས་ཀྱི་རིག་གནས་དང་རྒྱང་བསྒྲགས་བརྙན་འཕྲིན། ཡུལ་སྐོར་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་ཀའི་ཚོགས་འདུ་དར་མདོར་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2022-04-25

ཉེ་ཆར། ཁུལ་ཡོངས་ཀྱི་རིག་གནས་དང་རྒྱང་བསྒྲགས་བརྙན་འཕྲིན། ཡུལ་སྐོར་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་ཀའི་ཚོགས་འདུ་དར་མདོར་འཚོགས་པ་རེད།

ཚོགས་ཐོག2021ལོར་ཁུལ་ཡོངས་ཀྱི་རིག་གནས་དང་རྒྱང་བསྒྲགས་བརྙན་འཕྲིན།ཡུལ་སྐོར་ཁོངས་གཏོགས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱིས་མགོ་ཁྲིད་བྱས་འོག་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་རང་འགུལ་ངང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཡག་པོ་བསྐྱོད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་གླིང་ཁུལ་གཏོད་རྒྱུ་དང་ལས་དོན་ཁག་མང་ལ་ཚོགས་ཀྱི་བློ་ཡིད་ཚིམ་ཚད། དཔལ་འབྱོར་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཚད། ཡུལ་སྐོར་ཁྲོམ་རའི་ཐོག་སྐད་གྲགས་ཆོད་ཚད་བཅས་མཐོ་རུ་ཤུགས་ཆེན་བཏང་ནས། རང་ཁུལ་ནི་རྒྱལ་ཡོངས་ཀྱི་ཡུལ་སྐོར་བྱེད་ཡུལ་ཆེས་བཟང་བའི་གླིང་ཁུལ་དང་ཡུལ་སྐོར་བས་ཆེས་འབེལ་བའི་ས་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་ས་ཞིག་ཏུ་གྱུར་པ་བྱ་དགོས་ཞེས་བཏོན་པ་རེད།

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིག་གནས་དང་རྒྱང་བསྒྲགས་བརྙན་འཕྲིན། ཡུལ་སྐོར་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་དང་དུས་བབ་གསལ་རྟོགས། བཅོས་བསྒྱུར་གསར་གཏོད་དང་འཆར་འགོད་སྣེ་ཁྲིད། ཐོན་ཁུངས་མཉམ་འདྲེས། སྒོ་འབྱེད་མཉམ་ལས། སྤུས་རྟགས་གཏོད་པ་བཅས་ཐུན་མོང་ཐོག་ཤུགས་སྣོན་རྒྱུར་རྒྱུན་འཁྱོངས་བྱས་ནས་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞི་རྩོམ་དགོས་ཞེས་བླང་བྱ་བཏོན་པ་རེད།།



  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་ལི་གཏེར་ཐོན་ཁུངས་མཉམ་ལས་གསར་སྦོལ་གྱི་འབྲེལ་ཡོད་ལས་ཀར་ཆེད་དོན་ཞིབ་འཇུག་གནང་སྐབས་ཐོན་ཁུངས་ཀྱི་ལེགས་ཆ་འདི་ཐོན་ལས་དམངས་ཕྱུག་གི་ལེགས་ཆར་ཇེ་མགྱོགས
  • ལེ་ཚན་རྗེས་མ།:དཀར་མཛེས་ཀྱིས་མཛའ་བརྩེའི་ལེགས་སྐྱེས་འབུལ་བའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10