ཧྥུང་ཧྥ་ཀུའེ་ཡིས་ལི་གཏེར་ཐོན་ཁུངས་མཉམ་ལས་གསར་སྦོལ་གྱི་འབྲེལ་ཡོད་ལས་ཀར་ཆེད་དོན་ཞིབ་འཇུག་གནང་སྐབས་ཐོན་ཁུངས་ཀྱི་ལེགས་ཆ་འདི་ཐོན་ལས་དམངས་ཕྱུག་གི་ལེགས་ཆར་ཇེ་མགྱོགས་སུ་བསྒྱུར་དགོས་ཞེས་གསུངས།

བདེ་སྐྱིད་ཀྱིས་བསྒྱུར།        2022-04-25

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་གཙོ་སྐྱོང་གནང་ནས་ལི་གཏེར་ཐོན་ཁུངས་མཉམ་ལས་གསར་སྦོལ་གྱི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། འབྲེལ་ཡོད་སྡེ་ཚན་དང་རྫོང(གྲོང་ཁྱེར)གྱི་ལས་ཀའི་སྙན་སེང་ཞུས་པར་གསན་འཇོག་གནང་བ་དང་འབྲེལ་ཕྱིན་ཆད་ཀྱི་ལས་ཀ་བཀོད་སྒྲིག་གནང་བ་རེད།

ཧྥུང་ཧྥ་ཀུའེ་ཡིས་ནུས་ཁུངས་གཙང་མ་བེད་སྤྱོད་པའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་གོ་སྐབས་དམ་འཛིན་བྱས་ཏེ། སྐྱེ་ཁམས་སྔོན་སྤེལ་དང་འབྱུང་འཕྲོད་འཕེལ་རྒྱས་རྒྱུན་འཁྱོངས། ལིའི་ཐོན་ཁུངས་མཉམ་ལས་དང་གསར་སྦོལ་བརྟན་པོ་དང་གོ་རིམ་ལྡན་པར་སྐུལ་འདེད་བཏང་ནས། ཐོན་ཁུངས་ལེགས་ཆ་འདི་ཐོན་ལས་ལེགས་ཆར་དང་དམངས་ཕྱུག་གི་ལེགས་ཆར་ཇེ་མགྱོགས་སུ་བསྒྱུར་ནས། ཐཱན་གཉིས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

ཧྥུང་ཧྥ་ཀུའེ་ཡིས་གཅིག་ནས་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བར་བྱ་དགོས་པ་དང་། གཉིས་ནས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏང་དགོས། གསུམ་ནས་ལས་ཀའི་མཉམ་སྒྲུབ་ལ་ཤུགས་རྒྱག་དགོས། བཞི་ནས་ཕྱོགས་གང་ཐད་ཀྱི་ཁེ་ཕན་ལ་ལྟ་རྟོག་བྱ་དགོས། ལྔ་ནས་འབྱུང་འཕྲོད་འཕེལ་རྒྱས་ལ་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།



  • ལེ་ཚན་སྔོན་མ།:ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ། ཧྲུའུ་ཏ་ཁྲུན། ལེ་ཅན་ཕིང་སོགས་ཁུལ་གྱི་མགོ་ཁྲིད་དར་མདོ་རུ་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོར་ཞུགས།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་རིག་གནས་དང་རྒྱང་བསྒྲགས་བརྙན་འཕྲིན། ཡུལ་སྐོར་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་ཀའི་ཚོགས་འདུ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10