མེས་པོའི་མགྲིན་ཚབ་པ་ཞེས་པའི་གནའ་གཏམ་བཤད་པའི་འགྲན་སྡུར་ཞིག་སྤེལ།

        2022-04-21

མེས་པོའི་མགྲིན་ཚབ་པ་ཞེས་པའི་གནའ་གཏམ་བཤད་པའི་འགྲན་སྡུར་ཞིག་སྤེལ།

     ཡབ་མེས་བཀའ་དྲིན་ཅན་དག་གི་རྣམ་དཔྱོད་དང་། སྙིང་སྟོབས། འབད་འབུངས་བཅས་གཞི་གཅིག་ཏུ་འབྲེལ་བ་ལས། ང་ཚོར་གཞན་དྲིང་མི་འཇོག་པའི་རིག་པའི་སྡིངས་ཆ་བསྐྲུན་ཡོད་ལ། གཞན་གྱི་ངོ་སྔུན་དུ་ངོ་གནོང་མི་དགོས་པར་མགོ་བོ་མཐོན་པོ་དང་། བྲང་ཁོག་ལྡིར་ལྡིར་གྱིས་འགྲོ་ཆོག་པའི་སྣ་མང་རིན་ཆེན་གྱི་བང་མཛོད་ཟད་དུ་མེད་པ་ཞིག་ཧྲིལ་གྱིས་གནང་ཡོད། དེ་དག་ལོངས་སུ་སྤྱད་ཅིང་བེད་ཆོད་པར་བྱ་དགོས་པ་ལས་གཞན། སྲུང་སྐྱོབ་དང་རྒྱུད་འཛིན། དར་སྤེལ་བཅས་བྱ་བ་ནི་ང་ཚོ་བོད་མི་རེ་རེའི་ཕྲག་བབ་ཀྱི་འོས་འགན་བཅོས་སུ་མི་བཏུབ་པ་ཞིག་ཡིན་པ་ཡང་ཁ་ཚ་དགོས་གཏུགས་ཀྱིས་ཡིད་ལ་ངེས་དགོས་པ་ཞིག་རེད། དེ་ཡང་ལ་ལ་ཞིག་གིས་ནི་རིན་པོ་ཆེ་དེ་དག་རྒྱལ་མཚན་གྱི་རྩེ་རུ་བཏགས་ནས་མཆོད་པར་བྱེད་པ་དང་། འགའ་རེས་ནི་བྱི་དོར་ལེགས་པོ་བྱེད་ཅིང་འབག་བསླད་མ་སོང་བར་བརྩོན་ལ། ཁ་ཤས་ཤིག་གིས་ནི་ཕྱགས་དར་གྱི་ཕུང་པོར་བོར་ནས་བཙོག་ལྟ་བྱེད་པའང་ཡོད་མོད། འོན་ཀྱང་། མ་ཤེས་པ་ལ་སློབ་ཅིང་མི་འགྲིག་པ་དག་འཆོས་ཞོར་དུ་ན་ཆུང་གཞོན་གསར་དག་ལ་རིག་པའི་བག་ཆགས་འགོ་བར་བྱེད་པའང་དུས་བབས་ཀྱི་གནད་གལ་ཆེན་ཞིག་ཏུ་དམིགས་ནས་ཡོད།

མེས་པོའི་མགྲིན་ཚབ་པ་ཞེས་པའི་གནའ་གཏམ་བཤད་པའི་འགྲན་སྡུར་ཞིག་སྤེལ།

    དེ་བས་སྤྱི་ཟླ4པའི་ཚེས19ཉིན་གྱི་ཕྱི་དྲོར། བྲག་མགོ་རྫོང་ཏྲེ་ཧོར་བོད་ཡིག་སློབ་གྲྭའི་བོད་སྐད་ཡིག་ཚན་ཁག་གིས། སློབ་ཆུང་དང་སློབ་འབྲིང་ཁག་གཉིས་སུ་བགོས་ནས། འཛིན་གྲྭ་སོ་སོའི་ཐོབ་རིམ་ལྟར་རྩ་འཛུགས་གང་ལེགས་སྒོས་གནའ་གཏམ་མམ་གནའ་རབས་བཤད་པའི་འགྲན་སྡུར་གྱི་བྱེད་སྒོ་ཞིག་སྤེལ་བ་ཡིན།

    བྱེད་སྒོ་དེར་ཐོག་མར་ཚན་ཁག་ནས་གྲོས་ཆོད་བྱུང་རྗེས་སློབ་གྲྭས་རྒྱབ་སྐྱོར་དང་མཐུན་རྐྱེན་བསྐྲུན་པར་མ་ཟད། འཛིན་བདག་སོ་སོས་ཀྱང་རང་ནུས་གང་ཡོད་ཀྱིས་གནའ་རབས་སམ་སྒྲུང་གཏམ་ཤོད་མཁན་འདེམ་གཅོད་དང་གྲ་སྒྲིག་རྣམས་ཚགས་སུ་ཚུད་པར་བྱས་ལ། མེས་པོའི་མགྲིན་ཚབ་པ་ཞེས་པའི་ཁ་བྱང་གཏན་ཁེལ་ཐོག། ནང་དོན་གྱི་ཆ་ནས་གནའ་གཏམ་དང་བྱིས་སྒྲུང་། དངོས་བྱུང་གཏམ་རྒྱུད་སོགས་ངོ་མ་ངེས་དག་ཡིན་པ་དང་། སྨྲ་བརྗོད་དག་ཅིང་ཉམས་འགྱུར་ལྡན་པ། གོས་ལྷམ་འགྲིག་ཅིང་བཅའ་དག་པ། སྤོབས་པ་ལྡན་ཞིང་ཤན་སྟོབས་ཆེ་བ་བཅས་ཀྱི་ཆ་རྐྱེན་ལྟར། དཔྱད་འདེམས་པས་བསལ་ཅིང་བདམས་ནས་གཟུགས་བཟོས་ཀྱི་སྐྱེས་ཀྱང་མི་དམན་པ་བསྩལ་བ་རེད།

   ཁ་སང་གི་གཏམ་རྒྱུད་ཅེས་པའི་གླུ་དབྱངས་ཀྱིས་དབུ་བརྩམས་པ་ནས་སྐྱེས་བཟང་གིས་མཇུག་སྒྲིལ་རག་གི་ཐོག་མཐའ་བར་གསུམ་དུ། རང་རང་གི་ལས་བགོས་ཀྱི་བྱ་བ་ཙག་ཙིག་ནས་བཟུང་ལམ་ལྷོང་ཡོང་བར་བྱས་པས། ད་དུང་ཡང་གནའ་གཏམ་གྱི་རྒྱུད་ཆད་ལ་ཉེ་བའི་དུས་མ་ཡིན་པའི་ཚོར་བ་བྱུང་བར་མ་ཟད། སྐུལ་སློང་དང་རྒྱབ་སྐྱོར་ཡོད་ན། གནའ་གཏམ་གྱི་འཚོ་གནས་སྔར་ལས་གྲ་རྒྱས་ཕུན་སུམ་ཚོགས་པའི་གདེང་ཅུང་ཟད་རེ་ཡང་རྙེད་པར་གྱུར་བ་རེད།

    དེར་བརྟེན། རིག་གནས་ཀྱི་སྲོག་རྟ་ཡུན་དུ་གནས་པར་བག་ཆགས་བགོ་བ་ནས་འགོ་རྩོམ་དགོས་ལ། བག་ཆགས་ཀྱི་ཤན་སྟོབས་རུས་རྐང་དུ་ཟུག་པར་བྱིས་དུས་ནས་བློ་འབྱེད་དགོས་པའི་འབོད་སྐུལ་ཡང་བཏང་བ་ཡིན།

མེས་པོའི་མགྲིན་ཚབ་པ་ཞེས་པའི་གནའ་གཏམ་བཤད་པའི་འགྲན་སྡུར་ཞིག་སྤེལ།

ཐེངས་འདིའི་མདོ་འཛིན་པ།

མེས་པོའི་མགྲིན་ཚབ་པ་ཞེས་པའི་གནའ་གཏམ་བཤད་པའི་འགྲན་སྡུར་ཞིག་སྤེལ།

མེས་པོའི་མགྲིན་ཚབ་པ་ཞེས་པའི་གནའ་གཏམ་བཤད་པའི་འགྲན་སྡུར་ཞིག་སྤེལ།

དཔྱད་འདེམས་དགེ་རྒན་རྣམས།

མེས་པོའི་མགྲིན་ཚབ་པ་ཞེས་པའི་གནའ་གཏམ་བཤད་པའི་འགྲན་སྡུར་ཞིག་སྤེལ།

འགྲན་ཞུགས་སློབ་མས་གནའ་གཏམ་བཤད་པའི་ཡུལ་དངོས།

གནའ་གཏམ་ལ་ཉན་བཞིན་པའི་སློབ་མ་ཚོ།

བྱ་དགའ་ཐོབ་པའི་སློབ་མ།

གསར་འགོད་པ། ཆོས་བཞིན།

པར་ལེན་པ། རང་གྲོལ་དང་འཕྲིན་ལས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ལི་ཐང་རྫོང་འབོ་པ་ཡུལ་ཤོག་གི་དང་བླངས་པས་དཔྱིད་རྨོས་ལ་རོགས་རམ་བྱས།
  • ལེ་ཚན་རྗེས་མ།:ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།