ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2022-04-21

ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་རང་ཁུལ་གྱིས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཞིབ་འཇུག་བྱས།

    སྤྱི་ཟླ4པའི་ཚེས15ཉིན། ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་ཐོན་སྐྱེད་ཉེན་མེད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དང་དེ་བཞིན་དུ་རྒྱལ་ཡོངས་ཐོན་སྐྱེད་ཉེན་མེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པའི་ཆབས་ཅིག།  ཁུལ་ཡོངས་ཀྱི་ཐོན་སྐྱེད་ཉེན་མེད་ལས་དོན་བཀོད་སྒྲིག་བྱས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་རང་ཁུལ་གྱིས་བསམ་འཆར་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་འཇུག་བྱས་པ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་གནང་བའི་རིམས་ནད་འགོག་ཟོན་ཚོད་འཛིན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱ་རྒྱུའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བས་མ་ཚད་གསུང་བཤད་གནང་བ་རེད།

   ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐོན་སྐྱེད་ཉེན་མེད་སྐོར་གྱི་བཀོད་སྒྲིག་བླང་བྱ་གལ་ཆེན་དང་ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་སུ་མཛུབ་སྟོན་གལ་ཆེན་གནང་ནས་ང་ཚོས་ཐོན་སྐྱེད་ཉེན་མེད་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧའེ་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་མོ་བླངས་ནས་བསམ་བློར་བཅིངས་འགྲོལ་དང་གསར་འབྱེད་གསར་གཏོད། མཐུན་སྒྲིལ་འབད་འཐབ། འགག་སྒྲོལ་དཀའ་སེལ་བཅས་རྒྱུན་འཁྱོངས་བྱས་ནས་དཀར་མཛེས་ཁུལ་གྱི་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས། རིམ་པ་ཁག་དང་སྡེ་ཚན་སོ་སོས་མིག་སྔའི་རིམས་ནད་འགོག་ཟོན་གྱི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན། བསྐྱར་ཟློས་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ནས“ཕྱི་ནས་ཁྱབ་མཆེད་ཡོང་བ་དང་ནང་དུ་བསྐྱར་དུ་ཐོན་པར་སྔོན་འགོག་བྱེད་པའི” སྤྱི་ཡོངས་ཀྱི་ཐབས་ཇུས་རྒྱུན་འཁྱོངས་བྱས་ནས་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་ཚུལ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་ཁུལ་ཡོངས་ཀྱི་རིམས་ནད་འགོག་ཟོན་གྱི་འགོག་སྲུང་འཛིང་རགས་ཟམ་མི་ཆད་པར་བརྟན་དུ་གཏང་དགོས།

   ཚོགས་འདུའི་ཐོག《དཀར་མཛེས་ཁུལ་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་འཆར་འགོད》ལ་གྲོས་ཞིབ་བྱས་པ་རེད།

   ཚོགས་འདུའི་ཐོག འགྲིམ་འགྲུལ་སྔོན་དུ་སྤེལ་བའི་འཐབ་ཇུས་མུ་མཐུད་ནས་ལག་བསྟར་བྱས་ཏེ། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་དེང་ཚད་ལས་བརྒལ་ནས་མ་དངུལ་འཇོག་པ། རིག་ལྡན་འབྱུང་འཕྲོད་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་མཐུན་སྦྱོར་དང་གཞོགས་འདེགས་བྱས་ནས“རྒྱལ་སྲུང་གཞུང་ལམ318པའི་མཛེས་ལྗོངས་ལམ་ཆེན་མཛེས་ཤོས”སོགས་གཙོ་གནད་ལམ་ཐིག་ཧུར་ཐག་བཏོད་དེ་མྱུར་བགྲོད་གཞུང་ལམ་དང་རྒྱལ་སྲུང་དང་ཞིང་ཆེན་རིམ་པའི་གཞུང་ལམ། གྲོང་སྡེའི་གཞུང་ལམ་བཅས་ཀྱི་ལས་གཞི་ཁག་གཅིག་བཀོད་སྒྲིག་ལག་བསྟར་བྱས་ཤིང་། དམངས་སྤྱོད་སྐྱེལ་འདྲེན་གྱི་གནམ་གྲུ་ཐང་དང་ཀུན་སྤྱོད་གནམ་གྲུ་ཐང་འཛུགས་སྐྲུན་ལ་མགྱོགས་མྱུར་དུ་སྐུལ་འདེད་བཏང་སྟེ་ཉེན་མེད་དང་སྟབས་བདེ།ལས་ཆོད་ཆེ་བ། འབྱུང་འཕྲོད་བཅས་ཀྱི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཅིག་ཧུར་ཐག་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།

   ཚོགས་འདུའི་ཐོག《དཀར་མཛེས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་གླིང་ཁུལ་བསྐྲུན་རྒྱུའི་ལས་དོན་འཆར་གཞིར》གྲོས་ཞིབ་བྱས་པ་དང《དཀར་མཛེས་ཁུལ་གྱི་ཤེས་ཡོན་མི་སྣའི་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པ》དང་།《དཀར་མཛེས་ཁུལ་བསྡོམས་རྩིས་ཀྱི་གཞི་རིམ་རྨང་གཞི་ཚད་གཞི་ཅན་འཛུགས་སྐྱོང་རིམ་སྤར་ལས་ཀའི་ཇུས་གཞི》《དཀར་མཛེས་ཁུལ་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལོའི“སྤྱོད་གཙང2022ལོའི”ཆེད་དོན་བཅོས་སྐྱོང་ཆེན་པོ་དྲུག་སྐོར་གྱི་ལག་བསྟར་ཇུས་གཞི》སོགས་ལ་གྲོས་ཞིབ་བྱས་པ་རེད།

   ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།


  • ལེ་ཚན་སྔོན་མ།:མེས་པོའི་མགྲིན་ཚབ་པ་ཞེས་པའི་གནའ་གཏམ་བཤད་པའི་འགྲན་སྡུར་ཞིག་སྤེལ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ན་གཞོན་སྲུང་སྐྱོང་ལས་དོན་ས་ཚུགས་ཐོག་མ་འདི་ནས་བཙུགས།
  • དོ་སྣང་ཆེ་བའི་རྩོམ།