རང་ཁུལ་གྱི་ན་གཞོན་སྲུང་སྐྱོང་ལས་དོན་ས་ཚུགས་ཐོག་མ་འདི་ནས་བཙུགས།

ནོར་བུས་བསྒྱུར།        2022-04-21

   རང་ཁུལ་གྱི་ན་གཞོན་སྲུང་སྐྱོང་ལས་དོན་ས་ཚུགས་ཐོག་མ་འདི་ནས་བཙུགས།

   ཉེ་ཆར། ཉག་ཆུ་རྫོང་མགར་ར་གྲོང་རྡལ་གཅིག་སྡུད་སློབ་གཉེར་ཁུལ་དུ་ན་གཞོན་སྲུང་སྐྱོང་ལས་དོན་ས་ཚུགས་ཀྱི་སྒོ་བྱང་བཀལ་བའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད། དེ་ལས་ཁུལ་ཡོངས་ཀྱི་སློབ་གྲྭར་བཅའ་སྡོད་ན་གཞོན་སྲུང་སྐྱོང་ལས་དོན་ས་ཚུགས་ཐོག་མ་དངོས་སུ་བཙུགས་ཐུབ་པར་མཚོན།

 རང་ཁུལ་གྱི་ན་གཞོན་སྲུང་སྐྱོང་ལས་དོན་ས་ཚུགས་ཐོག་མ་འདི་ནས་བཙུགས།

   ན་གཞོན་ནི་མེས་རྒྱལ་གྱི་འབྱུང་འགྱུར་གྱི་འཛུགས་སྐྲུན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྒྱུན་འཛིན་པ་ཡིན་ཞིང་། ན་གཞོན་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱ་རྒྱུ་དེ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་། རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་དམ་ཟབ་ཡོད་དོ།།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་གཞོན་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།》ལག་བསྟར་དོན་འཁྱོལ་བྱ་ཆེད་དང་། ན་གཞོན་སྲུང་སྐྱོང་ལས་དོན་གྱི་མ་ལག་སྔར་བས་སྐུལ་འདེད་དང་འཐུས་ཚང་དུ་གཏོང་བ། ན་གཞོན་སྲུང་སྐྱོང་ལས་དོན་གྱི་ཆུ་ཚད་མཐོ་རུ་བཏང་བ་བཅས་བྱ་ཆེད། ཉག་ཆུ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ཉག་ཆུ་རྫོང་ཨུའི་ལྟ་ཞིབ་ཨུ་ལྷན་དང་། རྫོང་ཁྲིམས་ཁང་། རྫོང་སྤྱི་བདེ་ཅུས། རྫོང་ཁྲིམས་འཛིན་ཅུས་སོགས་སྡེ་ཚན་བརྒྱད་དང་མཉམ་འབྲེལ་ཐོག་མགར་ར་གྲོང་རྡལ་གཅིག་སྡུད་སློབ་གཉེར་ཁུལ་དུ་ན་གཞོན་སྲུང་སྐྱོང་ལས་དོན་ས་ཚུགས་བཙུགས་པ་རེད། 

   ལས་དོན་ས་ཚུགས་ཀྱིས་ན་གཞོན་རྣམས་ཀྱི་དགོས་མཁོ་ལྟར་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་བྱས་ཏེ་སྲིད་ཇུས་བློ་འདྲི་དང་། སེམས་གསོ་བྱེད་པ། སེམས་ཁམས་ཁྲིད་སྟོན། དུད་ཚང་དུ་བསྐྱོད་ནས་བཅར་འདྲི་བྱེད་པ། རོགས་སྐྱོར་བྱེད་པ། རེ་རེའི་རྗེས་སྙེག།  དཔང་གཅོད་ཚད་དཔོག་བྱེད་པ། ཉམས་ཉེན་ཐེ་གཏོགས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་ན་གཞོན་གྱི་ལུས་སེམས་བདེ་ཐང་སྲུང་སྐྱོང་ལ་ཕན་འབྲས་ཐོན་པ་དང་། ཁྲིམས་མཐུན་ཁེ་དབང་འགན་ལེན་ནུས་ལྡན་བྱ་རྒྱུ་རེད།

 རང་ཁུལ་གྱི་ན་གཞོན་སྲུང་སྐྱོང་ལས་དོན་ས་ཚུགས་ཐོག་མ་འདི་ནས་བཙུགས། 

   ན་གཞོན་སྲུང་སྐྱོང་ལས་དོན་ས་ཚུགས་དངོས་སུ་བཙུགས་པ་དེས་ཉག་ཆུ་རྫོང་གི་ན་གཞོན་གྱི་སྤྱི་ཚོགས་རྒྱབ་སྐྱོར་མ་ལག་གི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་ཕྱིན་ནས་ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས། དྲྭ་རྒྱ། སྲིད་གཞུང་བཅས་མ་ལག་ཆེ་གྲས་ལྔར་ཁྲིམས་འཛིན་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་ཐེབས་པ་དང་། ན་གཞོན་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྤྱི་ཚོགས་ཀྱི་ཁོར་ཡུག་དང་། ཁྲིམས་སྐྱོང་གི་ཁོར་ཡུག། ཞབས་ཞུའི་ཁོར་ཡུག་བཟང་པོ་བཅས་གཏོད་རྒྱུ་རེད། 

   སྒོ་བྱང་བཀལ་བའི་མཛད་སྒོའི་ཉིན་མོར་ཉག་ཆུ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་ཁྲིད་ཚོས་སློབ་གྲྭའི་དགེ་སློབ་ཡོངས་ལ་གསོན་ཉམས་དོད་པའི་ཁྲིམས་ལུགས་སྒྲོག་འགྲེལ་བྱས་པ་དང་། དྲིལ་བསྒྲགས་དཔྱད་ཡིག1000ལྷག་བཀྲམ་པ་རེད།


  • ལེ་ཚན་སྔོན་མ།:ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།